དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཀྲུང་གོས་འཛམ་གླིང་ལ་འཛད་སྤྱོད་དཔལ་འབྱོར་གྱི་སྟོབས་ཤུགས་གསར་པ་ངོམ་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2025-10-20

    ཉེ་ཆར་ཁྲུང་ཆིང་ཅང་པེ་རྒྱལ་སྤྱིའི་གནམ་ཐང་དུ་ཁྲུང་ཆིང་རྒྱལ་མཚམས་འཛུལ་སྒྲོལ་མཐའ་སྲུང་ཞིབ་བཤེར་སྤྱི་ཁྱབ་ས་ཚིགས་ཀྱི་མི་དམངས་ཉེན་རྟོག་པས་ཧན་གོའི་འགྲུལ་པར་རྒྱལ་མཚམས་འཛུལ་བའི་ཆ་འཕྲིན་རྒྱོང་རོགས་བྱེད་བཞིན་པ།

    ཀྲུང་གོས་ཁྱབ་བསྒྲགས་བྱས་དོན། ཕྱི་རྒྱལ་གྱི་ཡུལ་སྐོར་བས་མི་རིང་བར་ཀྲུང་གོའི་ཚོང་ཁང་དང་། མགྲོན་ཁང་། ཟ་ཁང་། ཡུལ་སྐོར་མཛེས་ལྗོངས་ཁུལ་བཅས་སུ་རྒྱལ་སྤྱིའི་དངུལ་ཁང་གི་གཱ་སྤྱད་དེ་སྟབས་བདེ་པོས་དངུལ་སྤྲོད་ཐུབ་རྒྱུ་རེད།

    ཇུས་གཞི་འདིའི་དམིགས་ཡུལ་ནི་དེ་བས་དེང་རབས་ཅན་དང་། སྟབས་བདེ་ཅན། རྒྱལ་སྤྱི་ཅན་བཅས་ཀྱི་འཛད་སྤྱོད་ཁོར་ཡུག་བསྐྲུན་རྒྱུ་དེ་ཡིན་ཞིང་། གྲོང་ཁྱེར་15ཙམ་ཚོད་ལྟའི་གྲོང་ཁྱེར་ལ་བདམས་ནས་གྲོང་ཁྱེར་ཚང་མར་ཀྲུང་དབྱང་སྲིད་གཞུང་ནས་ཁ་གསབ་རོགས་དངུལ་སྤྲོད་རྒྱུ་རེད། སྔོན་དཔག་བྱས་ན། ཚོད་ལྟའི་གྲོང་ཁྱེར་དུ་རྒྱལ་སྤྱིའི་འཛད་སྤྱོད་གཅིག་སྡུད་ཁུལ་བསྐྲུན་ནས་སྐད་རིགས་མང་པོའི་མཚོན་རྟགས་དང་ཆ་འཕྲིན་མཁོ་འདོན་བྱེད་པ་དང་ཕྱི་རྒྱལ་གྱི་དངུལ་ཁང་གཱ་སྤྱོད་ཆོག་པ་མ་ཟད། ཡུལ་སྐོར་བར་དེ་བས་སྟབས་བདེ་བའི་དངུལ་ལོར་བརྗེ་འགྲུལ་དང་ཁྲལ་སློག་ཞབས་འདེགས་ཞུ་རྒྱུ་རེད།

    ཉེ་བའི་ལོ་ཤས་རིང་། ཀྲུང་གོས་ཕྱི་རྒྱལ་གྱི་ཡུལ་སྐོར་བའི་ཡིད་དབང་འགུག་པ་དང་སྐུ་མགྲོན་གྱི་འཚོ་བར་སྟབས་བདེ་སྐྲུན་ཆེད་འབད་བརྩོན་ཆེན་པོ་བྱས་ཡོད། 2024ལོར་ཀྲུང་གོར་ཡུལ་སྐོར་ལ་ཡོང་མཁན་མི་ཐེངས་དུང་ཕྱུར་1.32ཟིན་པ་དང་སྤྱིའི་འགྲོ་གྲོན་ཨ་སྒོར་དུང་ཕྱུར་942ཟིན་པ་ལས་ཀྲུང་གོ་འདི་ཉིད་སླར་ཡང་གོ་ལ་ཧྲིལ་པོའི་དགའ་བསུ་ཆེ་ཤོས་ཐོབ་པའི་ཡུལ་སྐོར་དམིགས་སའི་གྲས་ཤིག་ཏུ་གྱུར་པ་མངོན་ཡོད།

    བྱ་ཐབས་གཞན་དག་གི་དམིགས་ཡུལ་ཡང་ཡུལ་སྐོར་དེ་བས་སྟབས་བདེ་དང་དེང་རབས་ཅན་དུ་འགྱུར་བ་བྱ་རྒྱུ་དེ་ཡིན་ཞིང་། སྲིད་གཞུང་གིས་གཞི་གཅིག་ཅན་གྱི་རྒྱལ་མཚམས་འཛུལ་སྒྲོལ་ཞབས་འདེགས་ཞུ་བ་དང་། ཕྱི་དངུལ་བརྗེ་འགྲུལ་བྱེད་ས་མང་དུ་གཏོང་བ། དངུལ་སྤྲོད་འབོ་དང་སྐད་འཕྲིན་དངུལ་སྤྲོད་སོགས་དར་ཁྱབ་ཆེ་བའི་དངུལ་སྤྲོད་བཀོལ་སྤྱོད་ཁྲོད་རྒྱལ་སྤྱིའི་དངུལ་ཁང་གི་གཱ་སྤྱོད་སྟངས་ལེགས་སུ་གཏོང་བ་བཅས་བྱེད་བཞིན་ཡོད།

    —— པར་ཙིར་གྱི《གླེང་སྟེགས》དུས་དེབ་དྲ་ཚིགས་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།