དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • གནའ་བོའི“དཀར་ཆས་གྲོང་ཁྱེར”ལ་གཞོན་ནུ་ཚོའི་དགའ་བསུ་ཐོབ་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2025-10-20

    འདི་ནི་ཅང་ཤིས་ཞིང་ཆེན་ཅིང་ཏེ་ཀྲེན་གྲོང་ཁྱེར་ཐའོ་ཡང་ལི་ལོ་རྒྱུས་རིག་གནས་ཡུལ་སྐོར་ཁུལ་དུ་ཡུལ་སྐོར་བས་ལྟ་སྐོར་བྱེད་བཞིན་པ། (ཧུའུ་ཏུན་ཧོང་གིས་པར་བརྒྱབ)

    ཅིང་ཏེ་ཀྲེན་ནི་ཀྲུང་གོའི་ཅང་ཤིས་ཞིང་ཆེན་དུ་གནས་ཤིང་། “ལོ་ངོ་སྟོང་གི་དཀར་ཆས་གྲོང་ཁྱེར”ཞེས་པའི་མཚན་སྙན་ལྡན་ཡོད། ཉེ་བའི་ལོ་ཤས་རིང་། ལོ་རྒྱུས་ཀྱི་གྲོང་ཁྱེར་གྲགས་ཅན་དེ་གནའ་བོའི་སྲོལ་རྒྱུན་གྱི་མཚོན་རྟགས་ཙམ་མ་ཡིན་པར་དེང་རབས་ཅན་གྱི་གསར་གཏོད་ལྟེ་གནས་ཤིག་ཏུ་གྱུར་ནས་ན་གཞོན་སྒྱུ་རྩལ་བ་དང་ཡུལ་སྐོར་བ་མང་པོ་ཞིག་གི་ཡིད་དབང་བཀུག་ཡོད།

    2012ལོར་ཅིང་ཏེ་ཀྲེན་གྲོང་ཁྱེར་སྲིད་གཞུང་གིས་བཟོ་གྲྭ་རྙིང་པ་ཁག་གཅིག་སྒྱུར་བཀོད་བྱས་པར་ཐའོ་ཞི་ཁྲོན་རིག་གནས་བསམ་བཀོད་ཁྲོམ་གཞུང་གསར་དུ་ཆགས་ཡོད། ད་ཆ་དེ་གར་རི་མོའི་འགྲེམས་སྟོན་བར་ཁྱམས་དང་། ལས་སྒྲུབ་ཁང་། སྒྱུ་རྩལ་ཚོང་འདུས་བཅས་གང་སར་ཁྱབ་ཡོད་པས“ཅིང་བྱོལ་བ”ན་གཞོན་སྒྱུ་རྩལ་མཁས་ཅན་གྱི་ཡིད་དབང་རབ་ཏུ་བཀུག་ཡོད། གསར་གཏོད་པ་དེ་དག་ལ་སྲིད་གཞུང་གི་རོགས་སྐྱོར་མང་པོ་ཐོབ་པ་དཔེར་ན། བོགས་གླ་ཁེ་བའི་ལས་སྒྲུབ་ཁང་དང་ཁང་གླ་ཁེ་བའི་སྤྱི་ཤག་སོགས་རེད།

    —— པར་ཙིར་གྱི《གླེང་སྟེགས》དུས་དེབ་དྲ་ཚིགས་ཀྱི་རྩོམ་ཡིག་གཞིར་བཟུང་།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།