དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཀྲུང་གོའི་འཕྲུལ་མིས་ཞབས་ཞུའི་ལས་རིགས་འཕེལ་རྒྱས་ལ་རམ་འདེགས་བྱས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2025-10-20

    འདི་ནི་པེ་ཅིང་དུ་འཚོགས་པའི་འཛམ་གླིང་འཕྲུལ་མིའི་ཚོགས་ཆེན་ལ་ལྟད་མོ་བས“འཕྲལ་སྡོམ་རོགས་སྐྱོབ་འཕྲུལ་མིར”ལྟ་བཞིན་པ། (ཏུའུ་ཅན་ཕོ་ཡིས་པར་བརྒྱབ)

    བཟོ་ལས་འཕྲུལ་མི(འཕྲུལ་མིའི་དཔུང་པ)ཀྲུང་གོའི་བཟོ་གྲྭར་སྔ་ས་ནས་ཁྱབ་སྟེ་མིའི་རིགས་ལ་ཞབས་འདེགས་ཞུ་བའི་འཕྲུལ་མི་དང་རོགས་སྐྱོབ་ལ་སྤྱོད་པའི་འཕྲུལ་ཁྱི་དར་བཞིན་ཡོད། ཀྲུང་གོས་གཙོ་ཁྲིད་བྱས་པའི་ཐོན་ལས་དེ་གོ་ལ་ཧྲིལ་པོར་གསོན་ཤུགས་ཆེ་ཤོས་ལྡན་པའི་ཁྱབ་ཁོངས་ཀྱི་གྲས་ཤིག་ཏུ་གྱུར་ཡོད།

    ད་ཆ་ཉོ་སྒྲུབ་ལྟེ་གནས་སུ་གད་རྒྱག་མཁན་འཕྲུལ་མི་དང་གསོལ་མགྲོན་ཁང་གི་ཟོག་སྐྱེལ་འཕྲུལ་མི་ཀྲུང་གོའི་མི་སེར་ཚོས་རྒྱུན་དུ་ནས་མཐོང་བ་མ་ཟད། སྤྱི་ཚོགས་འབྲེལ་བའི་སྨྱན་སྦྱོར་དུ་འཕྲུལ་མིས་ལམ་ཕྱེད་མར་སུན་འགྲན་རྒྱུག་དང་འབོག་སན་འགྲན་བསྡུར་ལ་ཞུགས་པའི་བརྙན་ལམ་ཡང་རྒྱུན་དུ་མཐོང་རྒྱུ་ཡོད། རྒྱུན་གཏན་གྱི་འཚོ་བའི་ཁྲོད་འཕྲུལ་མི་དང་འདྲིས་པའི་ཚོར་སྣང་དེས་ཚན་རྩལ་ཉེར་སྤྱོད་དང་དེ་བཞིན་མི་རྣམས་ཀྱིས་ཚན་རྩལ་དང་ལེན་བྱེད་ཚད་ཟབ་ཏུ་ཕྱིན་པ་མ་ཟད། ད་དུང་ཀྲུང་གོའི་འཕྲུལ་མིའི་ལས་རིགས་འཕེལ་རྒྱས་མགྱོགས་མྱུར་འགྲོ་རྒྱུར་སྐུལ་འདེད་ཀྱང་གཏོང་ཐུབ། 2024ལོར་ཀྲུང་གོའི་བཟོ་ལས་འཕྲུལ་མི་ཁྲོམ་རར་བྲིན་ཚད་ཁྲི་30.2ཟིན་པ་དང་། འཕྲུལ་མི་ཆེད་སྤྱོད་རེ་ཞུ་བྱེད་ཚད་ཀྱིས་གོ་ལ་ཧྲིལ་པོའི་འཕྲུལ་མིའི་ཆེད་སྤྱོད་རེ་ཞུའི་བསྡོམས་འབོར་གྱི་གསུམ་ཆ་གཉིས་ཟིན་ཡོད་པ་རེད།

    —— སུའེ་ཙེར་གྱི《སྐབས་དོན་ཚགས་པར》ཐོག་བཏོན་པའི་རྩོམ་ཡིག་གཞིར་བཟུང་།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།