དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཟླ་11པར་རྒྱལ་ཡོངས་ཀྱི་མེ་ཟོན་དྲིལ་བསྒྲགས་ཟླ་བའི་བྱེད་སྒོ་སྤེལ་རྒྱུ་ཡིན་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2025-10-20

    འདི་ལོའི་ཟླ་11ཚེས་9ཉིན་ནི་རྒྱལ་ཡོངས་ཀྱི་མེ་ཟོན་ཉིན་མོ་ཐེངས་སོ་བཞི་པ་ཡིན་ཞིང་། གསར་འགོད་པར་རྒྱལ་ཁབ་མེ་ཟོན་རོགས་སྐྱོབ་ཅུས་ནས་ཤེས་རྟོགས་བྱུང་བར། རྒྱལ་སྲིད་སྤྱི་ཁྱབ་ཁང་བདེ་འཇགས་ཨུ་ལྷན་གཞུང་དོན་ཁང་དང་རྒྱལ་ཁབ་མེ་ཟོན་རོགས་སྐྱོབ་ཅུས་ཀྱིས་ཟླ་11པར“དམངས་ཡོངས་ཀྱི་མེ་ཟོན། ཚེ་སྲོག་གོང་དུ་བཀུར། —— བདེ་འཇགས་ངང་མེ་དང་གློག་སྤྱོད་པ”ཞེས་པ་བརྗོད་དོན་གཙོ་བོར་བྱས་པའི་རྒྱལ་ཡོངས་ཀྱི་མེ་ཟོན་དྲིལ་བསྒྲགས་ཟླ་བའི་བྱེད་སྒོ་སྤེལ་རྒྱུ་རེད།

    མེ་ཟོན་དྲིལ་བསྒྲགས་ཟླ་བའི་ལས་དོན་ཡག་པོ་སྒྲུབ་ཆེད། ས་གནས་ཁག་གིས“བདེ་འཇགས་ངང་མེ་དང་གློག་སྤྱོད་པའི”བྱེད་སྒོ་རབ་དང་རིམ་པ་སྒྲིག་འཛུགས་བྱས་ནས་སྤེལ་རྒྱུ་ཡིན་ཞིང་། དེའི་ནང“ཉེན་ཁ་ཤེས་པ་དང་སྔོན་འགོག་ཐུབ་པའི”ཚན་རིག་ཁྱབ་གདལ་གྱི་སློབ་གསོ་དང་། “སྔ་ཙམ་ཤེས་རྟོགས་དང་སྔ་ཙམ་བཅོས་སྒྲིག”གི་མངོན་མེད་རྐྱེན་ངན་གྲལ་བཤེར། “མེ་དངོས་སུ་གསོད་ཐུབ་པ་དང་བྱ་སྤྱོད་ངོ་མ་སྤེལ་བའི”དངོས་སྦྱོང་སོགས་ཚུད་ཡོད། མེ་སྤྱོད་གློག་སྤྱོད་བདེ་འཇགས་ཀྱི་ཉེན་ཁའི་མངོན་མེད་རྐྱེན་ངན་ལ་གཞིགས་ནས་ཨར་ལས་ཀྱི་མེ་སྤྱོད་ལས་སྒྲུབ་དང་། གྲོང་མིའི་འཚོ་བའི་མེ་སྤྱོད། གློག་རླངས་བདེ་འཇགས། གློག་སྒུལ་རྐང་འཁོར་གྱི་གློག་གསོག ཐ་མག་འཐེན་ནས་མེ་སྐྱོན་ཐོན་པ་སོགས་ཀྱི་མངོན་གསལ་དོད་པའི་གནད་དོན་ལ་གཙོ་གནད་དམིགས་པ་དང་། ཚོགས་རིགས་དབྱེ་བའི་མེ་ཟོན་ཚན་རྩལ་ཁྱབ་གདལ་སློབ་གསོ་སྤེལ་རྒྱུ་སྒྲིག་འཛུགས་བྱས་ཏེ། མང་ཚོགས་ཀྱི་དོགས་ཟོན་འདུ་ཤེས་ཟབ་ཏུ་གཏོང་རྒྱུ་རེད། ཕྱི་རོལ་གྱི་བརྙན་ཤེལ་ཆེན་པོ་དང་། དྲིལ་བསྒྲགས་རྒྱ་ཁྱབ་བརྡ་སྦྱོར། གྲོང་གསེབ་ཀྱི“རྒྱང་བསྒྲགས”སོགས་ཀྱི་གཞི་རྟེན་གང་ལེགས་སྤྱད་ནས། མང་ཚོགས་ཀྱིས་གོ་ཐུབ་པ་དང་བློ་ལ་ངེས་ཐུབ་པའི་མེ་སྤྱོད་གློག་སྤྱོད་ཀྱི་ཤེས་བྱ་ཁྱབ་གདལ་གཏོང་རྒྱུ་རེད།

    གཞན་ཡང་། གཙོ་གནད་ལས་རིགས་ཁོངས་གཏོགས་སུ་མེ་ཟོན་བདེ་འཇགས་དོ་དམ་པའི་གསོ་སྦྱོང་བྱེད་པར་རྒྱུན་མཐུད་སྐུལ་འདེད་གཏོང་བ་དང་། རྒྱལ་ཁབ་མེ་ཟོན་རོགས་སྐྱོབ་ཅུས་ཀྱིས་བཟའ་བཏུང་ལས་རིགས་ཀྱི་མུ་འབྲེལ་ཁེ་ལས་དང་གཞི་རིམ་ཤང་གྲོང(ཁྲོམ་གཞུང)གི་མེ་ཟོན་བདེ་འཇགས་གསོ་སྦྱོང་སྒྲིག་འཛུགས་བྱས་ནས་སྤེལ་བ། རིམ་ཁག་མེ་ཟོན་རོགས་སྐྱོབ་སྡེ་ཚན་དང་ལས་རིགས་གཙོ་གཉེར་སྡེ་ཚན་གྱིས་འཆར་གཞི་ལྟར་གསོ་སྦྱོང་ལས་འགན་སྒྲུབ་པ་བཅས་བྱེད་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།