དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཁྲོམ་ར་ལྟ་འདོམས་སྤྱི་ཁྱབ་ཅུས་ཀྱིས་སྒྲིག་སྲོལ་གསར་པའི་བསམ་འཆར་བསྡུ་ལེན་གྱིས་དྲ་རྒྱའི་བཟའ་བཏུང་ཞབས་ཞུའི་བཟའ་བཅའི་བདེ་འཇཌ་ལྟ་འདོམས་ལ་ཤུཌ་སྣོན་རྒྱག་རྒྱུ་ཡིན་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2025-10-20

    དྲ་རྒྱའི་བཟའ་བཏུང་ཞབས་ཞུའི་བཟའ་བཅའི་བདེ་འཇགས་ལྟ་འདོམས་ལ་དེ་བས་ཤུགས་སྣོན་རྒྱག་ཆེད། ཁྲོམ་ར་ལྟ་འདོམས་སྤྱི་ཁྱབ་ཅུས་ཀྱིས《དྲ་རྒྱའི་བཟའ་བཏུང་ཞབས་ཞུའི་ཕུང་གསུམ་ལས་སྟེགས་མཁོ་འདོན་པ་དང་དྲ་ཞུགས་བཟའ་བཏུང་ཞབས་ཞུ་མཁོ་འདོན་པའི་བཟའ་བཅའི་བདེ་འཇགས་ཀྱི་བྱེད་པོའི་འགན་འཁྲི་དོན་འཁྱོལ་ལ་ལྟ་འདོམས་བྱ་རྒྱུའི་སྐོར་གྱི་གཏན་འབེབས(བསམ་འཆར་བསྡུ་ལེན་མ་ཟིན)》བཀོད་ནས། སྤྱི་ཚོགས་ལ་ཕྱོགས་ཏེ་ཡོངས་བསྒྲགས་ངང་བསམ་འཆར་བསྡུ་ལེན་བྱ་རྒྱུ་རེད།

    གཏན་འབེབས་ནང་། མིག་སྔའི་དྲ་རྒྱའི་བཟའ་བཏུང་ཞབས་ཞུའི་བཟའ་བཅའི་བདེ་འཇགས་ཀྱི་གཙོ་གནད་གནད་དོན་དང་དེ་བཞིན་དྲ་རྒྱའི་བཟའ་བཏུང་ཞབས་ཞུ་སྒྲུབ་རིང་ལས་སྟེགས་ཀྱི་འགན་འཁྲི་གསལ་པོ་མེད་པ་དང་། དྲ་ཞུགས་བཟའ་བཏུང་ཞབས་ཞུ་མཁོ་འདོན་པར་དོ་དམ་ནན་པོ་མ་བྱུང་བ། བཟའ་བཅའི་བདེ་འཇགས་ཆ་འཕྲིན་གསལ་པོ་མེད་པ་སོགས་ཀྱི་ཉམས་ཞན་ལྷུ་ཚིགས་ལ་དམིགས་ནས་བརྒྱུད་རིམ་རང་བཞིན་གྱི་གཏན་འབེབས་བྱས་ཡོད། གཏན་འབེབས་ནང་། ལས་སྟེགས་དང་ཕུང་གསུམ་སྒྲིག་གཞི་དང་། དྲ་ཞུགས་བཟའ་བཏུང་ཞབས་ཞུ་མཁོ་འདོན་པ། མངགས་བཅོལ་སྡེབ་སྐྱེལ་སྡེ་ཚན་བཅས་དབར་གྱི་ཟས་རིགས་བདེ་འཇགས་ཐད་ཀྱི་འགན་འཁྲི་དང་དབང་ཆའི་མཐའ་ཚད་ཁ་གསལ་བཟོ་རྒྱུ་དང་། དྲ་ཞུགས་བཟའ་བཏུང་ཞབས་ཞུ་མཁོ་འདོན་པའི་གཉེར་སྐྱོང་འོས་ཐོབ་ཞིབ་བཤེར་དང་། རྒྱུན་གཏན་གྱི་ལྟ་ཞིབ་ཚད་ལེན་དང་འཐེན་བཤེར། དེ་བཞིན་ཆ་འཕྲིན་ཡོངས་བསྒྲགས་སོགས་ཐད་ལས་སྟེགས་ཀྱི་བླང་བྱ་ཞིབ་ཕྲ་བཟོས་ནས“ཡིབ་ཚོང་ཉོ་སྐྱེལ”གྱི་སྣང་ཚུལ་མ་ཐོན་སྔོན་འགོག་ནུས་ལྡན་བྱ་རྒྱུ་ཡིན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།