རྒྱལ་ཡོངས་མི་འབོར་1%གི་དཔེ་འཐེན་བརྟག་དཔྱད་ཟླ་11ཚེས་1ཉིན་ནས་བཟུང་ས་ཡུལ་དངོས་སུ་ཐོ་འགོད་བྱ་རྒྱུ་ཡིན་པ།
རྒྱལ་ཁབ་བསྡོམས་རྩིས་ཅུས་ཀྱིས་སྤྱི་བསྒྲགས་ཡོངས་བསྒྲགས་བྱས་ཏེ། རྒྱལ་ཡོངས་མི་འབོར་1%གི་དཔེ་འཐེན་བརྟག་དཔྱད་2025ལོའི་ཟླ་11ཚེས་1ཉིན་དངོས་སུ་དུད་ཚང་དུ་བསྐྱོད་དེ་ཐོ་འགོད་བྱ་རྒྱུ་རེད། ས་ཡུལ་དངོས་ཀྱི་ཐོ་འགོད་དུས་ཚོད་ནི་2025ལོའི་ཟླ་11ཚེས་1ནས་ཚེས་30ཉིན་བར་ཡིན་པ་རེད།
ད་ཐེངས་ཀྱི་བརྟག་དཔྱད་བྱ་ཡུལ་ནི་རང་རྒྱལ་གྱི་མངའ་ཁོངས་ནས་དཔེ་འཐེན་བྱས་པའི་དུད་ཚང་གི་མི་འབོར་ཚང་མ་ཡིན་པ་དང་། རྒྱལ་ཡོངས་སུ་ཁྱོན་དུད་ཚང་ཁྲི་500ཡི་མི་གྲངས་ཁྲི་1400དཔེ་འཐེན་བྱས་ཤིང་། དུད་ཚང་ཚན་པར་བྱས་ཏེ་བརྟག་དཔྱད་བྱེད་པ་སྟེ། ཁྱིམ་དུད་ལ་བརྟག་དཔྱད་དང་། མཉམ་སྡེབ་དུད་ཚང་ལ་བརྟག་དཔྱད་བྱ་རྒྱུ་རེད། དུད་ཚང་ནང་ཐོ་འགོད་བྱེད་པའི་མི་ནི་བརྟག་དཔྱད་ཀྱི་ཚད་བཀག་དུས་ཚོད་ནང་དུད་ཚང་འདི་གར་སྡོད་མཁན་གྱི་མི་དང་ཐེམ་ཐོ་དུད་ཚང་དེ་གར་ཡོད་པ་དང་བརྟག་དཔྱད་ཀྱི་ཚད་བཀག་དུས་ཚོད་ནང་དུད་ཚང་འདི་གར་བསྡད་མེད་པའི་མི་ཚུད་ཡོད།
མི་འབོར་དང་ཁྱིམ་དུད་ཀྱི་གཞི་རྩའི་གནས་ཚུལ་ནི་བརྟག་དཔྱད་ཀྱི་ནང་དོན་ཡིན་པ་དང་། དེའི་ནང་རུས་མིང་དང་། སྤྱི་དམངས་ཀྱི་ཐོབ་ཐང་ལག་ཁྱེར་ཨང་གྲངས། ཕོ་མོ། ལོ་ཚད། མི་རིགས། སློབ་གསོ་དང་ལེན་བྱེད་ཚད། ལས་སྒོ། ལས་རིགས། གནས་སྤོ། གཉེན་སྒྲིག བུ་བཙའ། འཆི་བ། སྡོད་ཁང་གནས་ཚུལ་སོགས་ཚུད་ཡོད།
བརྟག་དཔྱད་བྱེད་སྟངས་དེ་སྲིད་གཞུང་གི་བསྡོམས་རྩིས་བརྟག་དཔྱད་སྒྲིག་གཞིས་བརྟག་དཔྱད་པ་བཏང་སྟེ་གློག་རྡུལ་འཚོལ་བསྡུའི་སྒྲིག་ཆས་ཁྱེར་ནས་ཁྱིམ་དུད་དུ་བསྐྱོད་དེ་ཐོ་འགོད་བྱེད་པའམ་ཡང་ན་བརྟག་དཔྱད་བྱ་ཡུལ་གྱིས་དྲ་སྦྲེལ་ནས་རང་དགར་རེའུ་མིག་བརྒྱངས་ཏེ་ཐོ་འགོད་བྱེད་དགོས་ཀྱི་ཡོད། བརྟག་དཔྱད་མི་སྣས་དུད་ཚང་དུ་བསྐྱོད་དེ་ཐོ་འགོད་བྱེད་སྐབས་རྫོང་རིམ་པའི་མི་འབོར་གྱི་1%གི་དཔེ་འཐེན་བརྟག་དཔྱད་གཞུང་ལས་ཁང་གིས་གཅིག་གྱུར་སྤྲད་པའི་ལས་ཀའི་ལག་ཁྱེར་འདོན་དགོས་ཀྱི་ཡོད།
འབྲེལ་ཡོད་གསར་འགྱུར།