ཟླ་བ་དང་པོ་ནས་དགུ་པའི་བར།
རླངས་འཁོར་ཐོན་སྐྱེད་དང་ཕྱིར་འཚོང་བྱེད་ཚད་གཉིས་ཀ་ཁྲི་2400ལས་བརྒལ་བ།
ཀྲུང་གོ་རླངས་འཁོར་བཟོ་ལས་མཐུན་ཚོགས་ཀྱིས་ཉེ་ཆར་ཁྱབ་བསྒྲགས་བྱས་པའི་གྲངས་གཞི་ལས་མངོན་པར། ཟླ་བ་དང་པོ་ནས་དགུ་པའི་བར། རླངས་འཁོར་ཐོན་སྐྱེད་དང་ཕྱིར་འཚོང་བྱེད་ཚད་ཁྲི་2433.3དང་ཁྲི་2436.3སོ་སོར་ཟིན་ནས་དུས་མཚུངས་ལས་13.3%དང་12.9%སོ་སོར་འཕར་ཡོད་པ་རེད། དེའི་ནང་འགྲུལ་སྐྱེལ་རླངས་འཁོར་ཐོན་སྐྱེད་དང་ཕྱིར་འཚོང་བྱེད་ཚད་ཁྲི་2124.1དང་ཁྲི་2124.6སོ་སོར་ཟིན་ནས་དུས་མཚུངས་ལས་13.9%དང་13.7%སོ་སོར་འཕར་ཡོད། ནུས་རྒྱུ་གསར་པའི་རླངས་འཁོར་ཐོན་སྐྱེད་དང་ཕྱིར་འཚོང་བྱེད་ཚད་ཁྲི་1124.3དང་ཁྲི་1122.8སོ་སོར་ཟིན་ནས་དུས་མཚུངས་ལས་35.2%དང་34.9%སོ་སོར་འཕར་ཡོད། ནུས་རྒྱུ་གསར་པའི་རླངས་འཁོར་གསར་པ་ཕྱིར་འཚོང་བྱེད་ཚད་དེ་རླངས་འཁོར་གསར་པ་ཕྱིར་འཚོང་བྱེད་ཚད་བསྡོམས་འབོར་གྱི་46.1%ཟིན་ཡོད། ཟླ་བ་9པར་རླངས་འཁོར་ཐོན་སྐྱེད་དང་ཕྱིར་འཚོང་ཁྲི་300ལས་བརྒལ་ནས་ཟིན་ཐོ་གསར་པ་བཏོད་ཡོད།
འབྲེལ་ཡོད་གསར་འགྱུར།