དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཟླ་བ་དང་པོ་ནས་དགུ་པའི་བར།

    གྲུ་གཟིངས་བཟོ་སྐྲུན་གྱི་དམིགས་ཚད་ཆེན་པོ་གསུམ་གྱི་ཐོབ་སྐལ་མུ་མཐུད་གོ་ལ་ཧྲིལ་པོའི་མདུན་གྲལ་དུ་སླེབས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2025-10-20

    གསར་འགོད་པར་ཀྲུང་གོ་གྲུ་གཟིངས་བཟོ་ལས་ལས་རིགས་མཐུན་ཚོགས་ནས་ཤེས་རྟོགས་བྱུང་བར། ཟླ་བ་དང་པོ་ནས་དགུ་པའི་བར། རང་རྒྱལ་གྱི་གྲུ་གཟིངས་བཟོ་སྐྲུན་ལེགས་གྲུབ་བྱེད་ཚད་ཐེག་ཚད་ཏུན་ཁྲི་3853ཟིན་པ་དེ་དུས་མཚུངས་ལས་6.0%འཕར་བ་དང་། མངགས་ཐོ་གསར་པ་ལེན་ཚད་ཐེག་ཚད་ཏུན་ཁྲི་6660ཟིན་པ། ཟླ་བ་དགུ་པའི་ཟླ་མཇུག་བར། ལག་ཐོག་མངགས་ཐོ་ཡོད་ཚད་ཐེག་ཚད་ཏུན་ཁྲི་24224ཟིན་པ་དེ་དུས་མཚུངས་ལས་25.3%འཕར་ཡོད། ཟླ་བ་དང་པོ་ནས་དགུ་པ་བར། རང་རྒྱལ་གྱི་གྲུ་གཟིངས་བཟོ་སྐྲུན་གྱི་དམིགས་ཚད་ཆེན་པོ་གསུམ(གྲུ་གཟིངས་བཟོ་སྐྲུན་ལེགས་གྲུབ་བྱེད་ཚད་དང་། མངགས་ཐོ་གསར་པ་ལེན་ཚད། ལག་ཐོག་མངགས་ཐོ་ཡོད་ཚད)གྱིས་ཐེག་ཚད་ཏུན་ལྟར་རྩིས་བརྒྱབ་ན་འཛམ་གླིང་བསྡོམས་འབོར་གྱི་53.8%དང་། 67.3% 65.2%བཅས་སོ་སོར་ཟིན་པ་དང་བཟོ་བཅོས་བསྡོམས་འབོར་ཏུན་ལྟར་རྩིས་བརྒྱབ་ན་47.3%དང་། 63.5% 58.6%བཅས་སོ་སོར་ཟིན་ནས་གོ་ལ་ཧྲིལ་པོའི་མདུན་གྲལ་དུ་མུ་མཐུད་སླེབས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།