དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • རང་མོས་ཚོང་དོན་གྲུ་ཁ་ནས་ཐོབ་སྣང་དངོས་དངོས་རྗེན་རྗེན་བྱུང་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  འདི་ག་ཚགས་པར་གྱི་གསར་འགོད་པ། ཀྲའོ་ཕེང་། ཏུང་ཙེ་དབྱང་།   |     སྤེལ་དུས།  2025-10-20

    ན་ནིང་ཧུའུ་ནན་གྱི་ཁེ་ལས་པ་ལུའོ་ལིང་སུང་ཧའེ་ནན་ཤར་ཕྱོགས་གྲོང་ཁྱེར་དུ་ཡོང་ནས་ཁེ་ལས་བཙུགས་ཤིང་། དེ་ག་ནས“འཛམ་གླིང་དང་སྦྲེལ་བའི”སྟབས་བདེ་དང་ཁེ་ཕན་དེ་བས་མང་བ་དངོས་འབྲེལ་ལོངས་སྤྱོད་ཐུབ་ཡོད། ཨ་ཧྥེ་རི་ཁ་ནས་ལས་སྣོན་རགས་ཙམ་བྱས་པའི་ཤུན་མཁྲེགས་ཤིང་ཏོག་ནང་འདྲེན་བྱས་ཏེ་ཧའེ་ནན་དུ་ལས་སྣོན་ཞིབ་ཚགས་བྱས་རྗེས་ནང་ས་དང་ཕྱི་རྒྱལ་དུ་ཕྱིར་འཚོང་བྱེད་ཀྱི་ཡོད། “དངོས་ཕན་ལོངས་སྤྱོད་དང་ཁྲོམ་ར་རྒྱ་སྐྱེད་བཏང་བས། རང་མོས་ཚོང་དོན་གྲུ་ཁ་ནས་དངོས་དངོས་རྗེན་རྗེན་གྱི་ཐོབ་སྣང་ཚོར་བྱུང”ཞེས་ལུའོ་ལིང་སུང་གིས་བརྗོད།

    ཧའེ་ནན་རང་མོས་ཚོང་དོན་གྲུ་ཁ་བསྐྲུན་པ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སྐུ་ངོ་མས་འཆར་འགོད་དང་། བཀོད་སྒྲིག སྐུལ་འདེད་བཏང་གནང་བ་བཅས་ཀྱི་བྱེད་ཐབས་གལ་ཆེན་ཞིག་རེད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“འཛམ་གླིང་ལ་ཤུགས་རྐྱེན་ལྡན་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་རང་མོས་ཚོང་དོན་གྲུ་ཁ་འཛུགས་སྐྲུན་མགྱོགས་པོ་བྱས་ཏེ་ཧའེ་ནན་འདི་ཉིད་དུས་རབས་གསར་པའི་ཀྲུང་གོའི་སྒྱུར་བཅོས་སྒོ་དབྱེའི་དཔེ་སྟོན་དུ་གྱུར་བ་བྱེད་དགོས”ཞེས་དང“ཧའེ་ནན་རང་མོས་ཚོང་དོན་གྲུ་ཁ་དེ་རང་རྒྱལ་གྱི་དུས་རབས་གསར་པའི་ཕྱི་ཕྱོགས་སྒོ་དབྱེར་སྣེ་འདྲེན་བྱེད་པའི་གྲུ་ཁ་གལ་ཆེན་ཞིག་ཏུ་སྐྲུན་པར་འབད་བརྩོན་བྱེད་དགོས”ཞེས་ནན་བཤད་གནང་བ་རེད།

    “སྒོ་དབྱེ”ནི་ཐོག་མཐའ་བར་གསུམ་དུ་ཧའེ་ནན་རང་མོས་ཚོང་དོན་གྲུ་ཁ་འཛུགས་སྐྲུན་བྱེད་པའི་བརྗོད་དོན་གཙོ་བོ་ཞིག་རེད།

    ལུའོ་ལིང་སུང་གི་གཞུང་ལས་ཁང་དུ་སྐྱོད་སྐབས། མངོན་གསལ་དོད་པའི་ས་བཀྲ་ཞིག་ཡོད་པ་སྟེ། མ་ལ་ཝེ་དང་། ཙམ་པབ་ཝེ། ལྷོ་ཨ་ཧྥེ་རི་ཁ་སོགས་ཨ་ཧྥེ་རི་ཁའི་རྒྱལ་ཁབ་ནས་བྲིས་པའི་ལམ་ཐིག་དེ་སྔོན་ལ་ཧའེ་ནན་དུ་འབྲེལ་བ་དང་། དེ་ནས་ཧུའུ་ནན་དང་འབྲེལ་བ། མཐར་མེ་གླིང་བྱང་མ་དང་ཡོ་རོབ་སོགས་ས་ཁུལ་དུ་ཤར་བགྲོད་ཐུབ་ཡོད།

    ལུའོ་ལིང་སུང་ཧའེ་ནན་དུ་ཡོང་དོན་གཙོ་བོ་ནི་རང་མོས་ཚོང་དོན་གྲུ་ཁའི་ཁེ་ལས་ལ་ཕན་པའི་སྒོ་དབྱེའི་སྲིད་ཇུས་ཤིག་སྟེ། ལས་སྣོན་བྱས་ནས་གནས་ཐང་ངེས་ཅན་འཕར་བའི་རྒྱལ་ནང་དུ་འཚོང་བར་སྒོ་ཁྲལ་མི་དགོས་པ་དེ་རེད། སྲིད་ཇུས་དེའི་ནང་ཡར་སྐུལ་རིགས་ཀྱི་ཐོན་ལས་ཁེ་ལས་ལ་མཚོན་ན། རྒྱུ་ཆ་ནང་འདྲེན་བྱས་རྗེས་ཧའེ་ནན་རང་མོས་ཚོང་དོན་གྲུ་ཁར་དངོས་ཟོག་ལས་སྣོན་བྱེད་པ་དང་། གལ་ཏེ་རིན་ཐང་འཕར་ཚད་30%ལྷག་ཙམ་ཟིན་ཚེ། ནང་སར་ཕྱིར་འཚོང་བྱེད་སྐབས་ནང་འདྲེན་རྒྱུ་ཆའི་སྒོ་ཁྲལ་འཇལ་དགོས་ཀྱི་མེད་པ་ཁ་གསལ་བཀོད་ཡོད།

    “རང་མོས་ཚོང་དོན་གྲུ་ཁའི་སྲིད་ཇུས་ཡག་པོ་ཡོད་པར་བརྟེན་ཁེ་ལས་མང་པོ་མཉམ་དུ་འཛོམས་ཡོད”ལུའོ་ལིང་སུང་གིས་བརྗོད་པ་དང་། ཁོང་གིས་ཨ་ཧྥེ་རི་ཁའི་ཤུན་མཁྲེགས་ཤིང་ཏོག་ལས་སྣོན་ལས་སྒོ་གཉེར་བ་ནས་བཟུང་ཁེ་ལས་ཀྱིས་བསྡོམས་རྩིས་བརྒྱབ་ན་རྒྱལ་ནང་དུ་འཚོང་བའི་ཟོག་ཐང་སྒོར་ཁྲི་518ཙམ་ཟིན་པ་དང་སྒོ་ཁྲལ་སྒོར་ཁྲི་36.8ཙམ་ཆག་ཡང་དང་རྩ་ཆག་བཏང་ཡོད། ང་ཚོའི་ལོ་རེའི་ལས་སྣོན་ནུས་པ་ཏུན་ཁྲི་2ཟིན་པ་དང་། འབྱུང་འགྱུར་ཤུན་མཁྲེགས་ཤིང་ཏོག་གི་གྲངས་འབོར་དེ་བས་མང་བ་དང་། སྣ་ཁ་དེ་བས་མང་བ་ནང་འདྲེན་བྱེད་སྐབས་ཁྲལ་དངུལ་འགྱངས་སྤྲོད་དང་སྤྲོད་མི་དགོས་པ་སོགས་ཀྱི་སྲིད་ཇུས་ཡག་པོ་ལས་མ་དངུལ་འཁོར་རྒྱུག་གི་གནོན་ཤུགས་ཇེ་ཆུང་དུ་གཏོང་ཐུབ་རྒྱུ་རེད་ཅེས་བརྗོད།

    “ལོ་ལྔ་ཚན་བཅུ་བཞི་པའི”རིང་། ཧའེ་ནན་རང་མོས་ཚོང་དོན་གྲུ་ཁ་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་ཕྱིན་པ་དང་སྲིད་ཇུས་ཀྱི་ལམ་ལུགས་མ་ལག་ཐོག་མར་བཙུགས་ཡོད།

    འཛམ་གླིང་ནས་ཧའེ་ནན་ལ་བལྟས་ན། ཧའེ་ནན་རང་མོས་ཚོང་དོན་གྲུ་ཁ་ནི་རང་རྒྱལ་གྱི་ནང་སའི་ཁྲོམ་ར་དང་སྦྲེལ་མཐུད་བྱེད་པའི་བགྲོད་ལམ་ཞིག་ཡིན་པ་དང་། ཧའེ་ནན་ནས་འཛམ་གླིང་ལ་བལྟས་ན། ཧའེ་ནན་རང་མོས་ཚོང་དོན་གྲུ་ཁ་ནི་ཞི་བདེ་རྒྱ་མཚོ་དང་ཧིན་རྡུ་རྒྱ་མཚོར་ཕྱོགས་པའི་སྒོ་དབྱེའི་གྲུ་ཁ་གལ་ཆེན་ཞིག་རེད། ད་ཆ་ཧའེ་ནན་དང་འཛམ་གླིང་ས་གནས་ཁག་འབྲེལ་མཐུད་བྱས་པའི་མཁའ་ལམ་དེ་བས་མང་བ་དང་རང་མོས་ཚོང་དོན་གྲུ་ཁའི་གྲོགས་ཚོགས་དེ་བས་ཇེ་ཆེར་འགྲོ་བཞིན་ཡོད།

    “ལོ་ལྔ་ཚན་བཅུ་བཞི་པའི”ཚུན་དུ། ད་ལོའི་ཟླ་བ་9པའི་ཟླ་མཇུག་བར་ཧའེ་ནན་རང་མོས་ཚོང་དོན་གྲུ་ཁར་ལས་སྣོན་རིན་ཐང་འཕར་བར་སྒོ་ཁྲལ་རྩ་ཆག་གཏོང་བའི་སྲིད་ཇུས་འོག་རིམ་རྩིས་བརྒྱབ་ན་རྒྱལ་ནང་དུ་བཙོང་ཚད་སྒོར་དུང་ཕྱུར་110.8དང་སྒོ་ཁྲལ་རྩ་ཆག་བཏང་བར་སྒོར་དུང་ཕྱུར་8.6ཟིན་ཡོད་པ་རེད། ད་ལོའི་ཟླ་བ12པར་ཧའེ་ནན་རང་མོས་ཚོང་དོན་གྲུ་ཁའི་གླིང་ཕྲན་ཡོངས་ཀྱི་འགག་སྒོ་བཀག་སྡོམ་འཁོར་སྐྱོད་དངོས་སུ་བྱེད་འགོ་ཚུགས་རྒྱུ་ཡིན་པ་རེད། “ཚང་མས་བསམ་དོན། ཧའེ་ནན་ལ་སྲིད་ཇུས་ཀྱི་ལེགས་ཆ་དང་གནས་བབ་ཀྱི་ལེགས་ཆ་ལྡན་པས། ཕྱི་རྒྱལ་གྱི་ཚོང་པ་རྒྱལ་ཁོངས་སུ་ཡོང་ནས་གྲོས་མོལ་བྱེད་པ་དང་མ་དཔེར་བལྟ་བར་སྟབས་བདེ་རུ་འགྲོ་རྒྱུ་རེད། ང་ཚོས་མི་དེ་བས་མང་བར་འོས་སྦྱོར་བྱས་ནས་སྲིད་ཇུས་ཡག་པོར་གྲུབ་འབྲས་ཡག་པོ་དེ་བས་མང་བ་ཐོབ་པར་བྱེད་རྩིས་ཡོད”ཅེས་ལུའོ་ལིང་སུང་གིས་བརྗོད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།