དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ནག་ཆུར་རྒྱལ་ནང་གི་ཕྱོགས་རྐྱང་པའི་དྲོད་རླངས་མཁོ་འདོན་བྱེད་ཁྱོན་ཆེ་ཤོས་ཀྱི་ས་འོག་ཚ་ནུས་ཀྱི་དྲོད་རླངས་མཁོ་འདོན་རྣམ་གྲངས་བསྐྲུན་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-10-20

    ཉེ་ཆར། ནག་ཆུ་གྲོང་ཁྱེར་གྱི་གྲོང་ཁུལ་དུ་དུས་ཡུན་ཟླ་7གྱི་དྲོད་རླངས་མཁོ་འདོན་དངོས་སུ་འགོ་ཚུགས་ཤིང་། ད་ལོ་དྲོད་རླངས་མཁོ་འདོན་ཐད་འཕེལ་རྒྱས་ཆེན་པོ་བྱུང་བ་སྟེ། རྒྱལ་ནང་གི་ཕྱོགས་རྐྱང་པའི་དྲོད་རླངས་མཁོ་འདོན་བྱེད་ཁྱོན་ཆེ་ཤོས་དང་བོད་ཀྱི་གཞི་ཁྱོན་ཆེ་ཤོས་ཀྱི་ས་འོག་ཚ་ནུས་གཅིག་སྡུད་དྲོད་རླངས་མཁོ་འདོན་ལས་གྲྭ“ནག་ཆུ་གྲོང་ཁྱེར་གསེར་རྙེད་ཆུས་ལྷོ་རྒྱུད་གྲོང་གསར་གྱི་ནུས་རྒྱུ་གཙང་མའི་གཅིག་སྡུད་དྲོད་རླངས་མཁོ་འདོན་ཚོད་ལྟའི་རྣམ་གྲངས”ཀྱི་དུས་ཐེངས་གཉིས་པ་དངོས་སུ་སྤྱོད་འགོ་ཚུགས་ནས། གྲོང་ཁུལ་གྱི་རྒྱ་ཁྱོན་སྨི་ངོས་གྲུ་ཁྲི་145ཙམ་ལ་དྲོད་རླངས་མཁོ་འདོན་ཐུབ་ཡོད།

    རྣམ་གྲངས་དེས་ནག་ཆུའི་ཕུན་སུམ་ཚོགས་པའི་ས་འོག་ཚ་ནུས་ཐོན་ཁུངས་གང་ལེགས་སྤྱད་དེ། “ཐཱན་ཉུང་དང་། ནུས་ཆེ། བདེ་འཇགས། བརྟན་པོ”བཅས་རྩ་དོན་དུ་བཟུང་བ་དང་། རྒྱལ་སྤྱིའི་སྔོན་ཐོན་གྱི་ཆུ་དྲོད་རྣམ་པའི་ས་འོག་ཚ་ནུས་བེད་སྤྱོད་ལག་རྩལ་ལ་བརྟེན་ནས་ས་འོག་གི་110℃ཡི་ཆུ་ཚ་པོ་ཚ་བརྗེ་ས་ཚིགས་སུ་འཐེན་ནས་ནུས་ཚད་བརྗེ་སྒྱུར་བྱས་པ་མ་ཟད། བང་རིམ་གཅིག་པར་ཆུ་ཚུར་བསྡུ་བྱེད་ཚད་100%ཟིན་ནས“ཚ་ནུས་ལེན་པ་ལས་ཆུ་མི་ལེན་པ”བྱས་པས་སྦགས་བཙོག་དང་བཙོག་འབུད་གཅིག་ཀྱང་མེད་པ་མངོན་འགྱུར་བྱུང་ཡོད།

    ཤེས་རྟོགས་བྱུང་བར་གཞིགས་ན། རྣམ་གྲངས་དེ་དུས་ཐེངས་གསུམ་ལ་དབྱེ་ནས་སྐུལ་འདེད་བཏང་ཞིང་། 2024ལོའི་ཟླ་10ཚེས་15ཉིན་དུས་ཐེངས་དང་པོའི་རྣམ་གྲངས་བསྐྲུན་ཟིན་ནས་སྤྱོད་འགོ་ཚུགས་པ་དང་། བརྟན་པོའི་རང་བཞིན་དང་དགེ་མཚན་ལྡན་པའི་རང་བཞིན་ཡག་པོ་ཡོད་པ་ར་འཕྲོད་བྱུང་ཞིང་། སྔོན་དཔག་བྱས་ན། 2026ལོའི་ཟླ་10པར་སྨི་ངོས་གྲུ་ཁྲི་184.5ཟིན་པའི་ཕྱོགས་ཡོངས་ལ་དྲོད་རླངས་མཁོ་འདོན་ཐུབ་སྟེ། གསེར་རྙེད་ཆུས་ལྷོ་རྒྱུད་གྲོང་གསར་དང་། མེ་འཁོར་འབབ་ཚུགས་དང་དེ་བཞིན་མཐའ་འཁོར་གྱི་གྲོང་ཁུལ་རྙིང་པར་ཕན་པ་བསྐྲུན་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།