ཧྲན་ཏུང་ཆིང་ཀྲོའུ་གྲོང་ཁྱེར་གྱིས་དྲ་མིག་ཆུང་གྲས་དབྱེ་ནས་ཞབས་ཞུ་ལེགས་སུ་བཏང་བ།
དྲ་མིག་ཞབས་ཞུ་གནད་ལ་མི་འཁེལ་བ་སོགས་ཀྱི་གནད་དོན་ཐག་གཅོད་བྱ་ཆེད། ཧྲན་ཏུང་ཞིང་ཆེན་ཆིང་ཀྲོའུ་གྲོང་ཁྱེར་གྱིས་དྲ་མིག་ཆུང་གྲས་གནད་ལ་འཁེལ་པོས་དབྱེ་སྟེ་དྲ་མིག་ཆུང་གྲས་ཀྱི་དྲ་དཔོན་2260ཡོངས་བསྒྲགས་གདན་ཞུ་བྱས་ནས་ལས་གནས་ལ་མ་ཞུགས་གོང་གི་གསོ་སྦྱོང་དང་དུས་བཀག་སྐོར་སྦྱོང་སོགས་ཀྱི་བྱ་ཐབས་བརྒྱུད། སྲིད་ཇུས་གསལ་འགྲེལ་དང་། འགལ་བ་འདུམ་འགྲིག ལས་སྒོ་ཐག་གཅོད་བཅས་ཀྱི་ནུས་པ་ཆེ་རུ་བཏང་ཡོད། “དྲ་མིག་ཆུང་གྲས་ཀྱི་བཅོས་སྐྱོང”ལས་ཀའི་ལག་དེབ་དང་གྲོང་ཁྱེར་སྡེ་ཁུལ(དྲ་མིག)འདུམ་འགྲིག་ལས་དོན་གྱི་ལས་ཀའི་ཕྱོགས་སྟོན་སོགས་ལམ་ལུགས་ཀྱི་ཡིག་ཆ་ཁག་ལྔ་བཟོས་པ་དང་དྲ་མིག་ཆུང་གྲས་ཀྱི་དྲ་དཔོན་གྱི་འགན་འཁྲིའི་གསལ་ཐོ་དང་ཞབས་ཞུའི་བརྒྱུད་རིམ་ཁ་གསལ་བཟོས་པ་རེད།
གྲོང་མིས་དྲ་མིག་སྐད་འཕྲིན་ཚོགས་པའི་ཐབས་ལམ་བརྒྱུད་མངགས་ཐོ་མངགས་པ་དང་། དྲ་མིག་ཆུང་གྲས་ཀྱི་དྲ་དཔོན་གྱིས་འཕྲལ་མར་མངགས་ཐོ་དང་ལེན་བྱས་ནས་དགོས་མཁོར་ཞིབ་དཔྱད་བྱེད་པ། སྡེ་ཁུལ་གྱིས་ཞབས་ཞུའི་རིགས་ལ་གཞིགས་ནས་སྤྱི་འདོམས་ཐག་གཅོད་བྱེད་ཀྱི་ཡོད། ཞབས་འདེགས་ཞུས་རྗེས་མང་ཚོགས་ཀྱིས་གདེང་འཇོག་བྱས་ནས་སྐར་མ་རྒྱག་གི་ཡོད་པ་རེད། དབྱི་ཏུའུ་ཁྲོམ་གཞུང་གིས་གྲོང་མིའི་རེ་ཞུ་དང་བསམ་འཆར་བསྡུ་རུབ་ཟུང་འབྲེལ་བྱས་ནས་གྲོང་མིས་དུས་དང་རྣམ་པ་ཀུན་ཏུ་རྩ་གཉིས་ཨང་རྟགས་བཤེར་ཏེ་བསམ་འཆར་དང་གྲོས་འགོ་འདོན་ཆོག་གི་ཡོད་ཅིང་། ཆིང་ཀྲོའུ་གྲོང་ཨུད་རྩ་འཛུགས་པུའུ་ཡི་འབྲེལ་ཡོད་འགན་འཁུར་བས། “གྲོང་མིས་བཏོན་པའི་རེ་འདུན་དང་ཟུང་འབྲེལ་བྱས་ཏེ་ང་ཚོས་སྡེ་ཁུལ་ཏང་རྩ་འཛུགས་སྣེ་ཁྲིད་དུ་བྱས་ནས་སྡེ་ཁུལ་དུ་བཅའ་སྡོད་ཚན་པ་དང་། ཁེ་ལས། ཚོང་པ་སོགས་གཞི་རིམ་བཅོས་སྐྱོང་ལ་ཞུགས་སུ་བཅུག་པ་དང་། བེད་མེད་ས་ཆ་སོགས་ཐོན་ཁུངས་སྒྱུར་བཀོད་དང་བེད་སྤྱོད་བྱས་ཏེ་རྒན་རྒོན་གྱི་ཟ་ཁང་དང་གཞོན་ནུའི་མཚན་མོའི་སློབ་གྲྭ་སོགས་དམངས་ཕན་རྣམ་གྲངས་28མཉམ་ལས་གཉེར་སྐྱོང་བྱས་ནས་སྡེ་ཁུལ་དང་གྲོང་མིར་ཕན་པ་ཐོབ་པར་བྱས་ཡོད”ཅེས་བཤད།
འབྲེལ་ཡོད་གསར་འགྱུར།