རང་རྒྱལ་གྱི་རྒྱང་སྐྱོད་རྟགས་ཅན་གྱི་སྐྱེལ་འདྲེན་མེ་ཤུགས་འཕུར་མདའ་འཕེན་གཏོང་བྱེད་ཐེངས་600པ་ལེགས་གྲུབ་བྱུང་བ།

འདི་ནི་རྒྱང་སྐྱོད་ཨང་བརྒྱད་པའི་སྐྱེལ་འདྲེན་མེ་ཤུགས་འཕུར་མདའ་ཀ་པ་འཕེན་གཏོང་བྱེད་བཞིན་པ།
པེ་ཅིང་གི་དུས་ཚོད་ཟླ་10ཚེས་16ཉིན་གྱི་ཆུ་ཚོད་9དང་སྐར་མ་33གྱི་ཐོག་རང་རྒྱལ་གྱིས་ཧའེ་ནན་ཚོང་ལས་འཇིག་རྟེན་འཕུར་སྐྱོད་འཕེན་གཏོང་བྱེད་ས་ནས་རྒྱང་སྐྱོད་ཨང་བརྒྱད་པའི་སྐྱེལ་འདྲེན་མེ་ཤུགས་འཕུར་མདའ་ཀ་པ་སྤྱད་དེ། སྲུང་སྐར་དྲ་སྦྲེལ་འཁོར་ལམ་གྱི་སྲུང་སྐར་12མཁའ་དབྱིངས་སུ་བདེ་བླག་ངང་འཕེན་གཏོང་བྱས་པ་དང་སྲུང་སྐར་སྔོན་གཏན་འཁེལ་བའི་འཁོར་ལམ་དུ་བདེ་བླག་ངང་འབྱོར་བ་རེད། དེ་ཐོག་ནས་རང་རྒྱལ་གྱི་རྒྱང་སྐྱོད་རྟགས་ཅན་གྱི་སྐྱེལ་འདྲེན་མེ་ཤུགས་འཕུར་མདའ་འཕེན་གཏོང་བྱེད་ཐེངས་600པ་ལེགས་གྲུབ་བྱུང་བ་མཚོན་གྱི་ཡོད།
འབྲེལ་ཡོད་གསར་འགྱུར།