དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • རྒྱལ་ཡོངས་སུ་གྲོང་གསེབ་ཀྱི་བཟོ་བོ་ཁྲི་13ལྷག་ཙམ་ཟིན་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2025-10-19

    ཉིན་ཤས་གོང་། ཞིང་ལས་གྲོང་གསེབ་པུས་པེ་ཅིང་དུ་2025ལོའི་ཀྲུང་གོའི་ཞིང་པའི་ལོ་ལེགས་དུས་ཆེན་གྱི་གྲོང་གསེབ་ཀྱི་བཟོ་བོའི་རྒྱལ་སྤྱིའི་སྤེལ་རེས་འོས་སྦྱོར་བྱེད་སྒོ་སྤེལ་བ་རེད། ད་ཐེངས་ཀྱི་བྱེད་སྒོར“བཟོ་བོའི་སྙིང་སྟོབས་དར་སྤེལ་གཏོང་། མཛེས་པ་མཐའ་དག་གཅིག་ཏུ་འདུས”ཞེས་པ་བརྗོད་དོན་གཙོ་བོར་བྱས་ཤིང་། ཞིང་ཆེན་27ནས་ཡོང་བའི་གྲོང་གསེབ་ཀྱི་བཟོ་བོ་100ལྷག་ཙམ་གྱིས་ས་གནས་ས་ཐོག་ཏུ་རྩལ་ནུས་ངོམ་པ་རེད།

    གྲོང་གསེབ་ཀྱི་བཟོ་བོ་ནི་གྲོང་གསེབ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྟོབས་ཤུགས་གལ་ཆེན་ཞིག་རེད་ལ། ཀྲུང་གོའི་དབུལ་པོ་ཉུང་གཏོང་གི་གཏམ་རྒྱུད་ཡག་པོ་བརྗོད་པའི་དམིགས་བསལ་ཚོགས་སྤྱི་ཞིག་ཀྱང་རེད། གྲོང་གསེབ་ཀྱི་བཟོ་བོའི་ཁྱད་དུ་འཕགས་པའི་རྩལ་ནུས་དང་། གཏིང་ཟབ་པའི་རིག་གནས་ཀྱི་ནང་དོན། ཕ་ཡུལ་ལ་ཕན་པ་འདོགས་པའི་བརྩེ་སེམས་བཅས་ལས་དུས་རབས་གསར་པའི་ཞིང་པ་མི་གསར་གྱི་ཉམས་འགྱུར་མངོན་གྱི་ཡོད། ཉེ་བའི་ལོ་ཤས་རིང་། ཞིང་ལས་གྲོང་གསེབ་པུའུ་སོགས་སྡེ་ཚན་7གྱིས་གྲོང་གསེབ་ཀྱི་བཟོ་བོ་སྐྱེད་སྲིང་འདུ་འགོད་མཉམ་དུ་ལག་ལེན་བསྟར་ནས་གྲོང་གསེབ་ཀྱི་སྲོལ་རྒྱུན་ལག་ཤེས་རྩལ་ནུས་སྔོག་འདོན་ཧུར་ཐག་བྱེད་པ་དང་། གྲོང་གསེབ་ཀྱི་ཁྱད་ལྡན་ལག་ཤེས་ཐོན་ལས་འཕེལ་རྒྱས་འགྲོ་བར་རྒྱབ་སྐྱོར་བྱས་ཡོད། མིག་སྔར་རྒྱལ་ཡོངས་སུ་གྲོང་གསེབ་ཀྱི་བཟོ་བོ་ཁྲི་13ལྷག་ཙམ་ཟིན་ནས་གྲོང་གསེབ་ཀྱི་མི་ཁྲི་500ལྷག་ཙམ་ལས་ཞུགས་འབབ་འཕར་ཡོང་བར་སྐུལ་ཁྲིད་ཐུབ་ཡོད།

    བྱེད་སྒོའི་ཐོག་གྲོས་འགོ་བཏོན་དོན། གྲོང་གསེབ་ཀྱི་ཕུལ་བྱུང་སྲོལ་རྒྱུན་ལག་ཤེས་རྩལ་ནུས་སྲུང་སྐྱོང་དང་རྒྱུན་འཛིན་ཤུགས་ཆེན་བྱས་ཏེ། སྲོལ་རྒྱུན་རྩལ་ནུས་དང་དེང་རབས་ཚན་རྩལ་དང་དར་སྲོལ་རིག་གནས་མཉམ་འདྲེས་གཏིང་ཟབ་ཡོང་བར་སྐུལ་འདེད་གཏོང་བ་དང་། གྲོང་གསེབ་ཀྱི་བཟོ་བོའི་རྒྱལ་སྤྱིའི་འགྲོ་འོང་དང་མཉམ་ལས་ལ་རྒྱབ་སྐྱོར་ཧུར་ཐག་བྱས་ནས་གྲོང་གསེབ་ཀྱི་བཟོ་བོ་རྒྱལ་མཚམས་བསྒྲལ་ཏེ་རྩལ་ནུས་གསོ་སྦྱོང་དང་། བརྩམས་ཆོས་འགྲེམས་སྟོན། རིག་གནས་སྤེལ་རེས་བཅས་ལ་ཁྲིད་སྟོན་བྱེད་པ། གོ་ལ་ཧྲིལ་པོའི་དབུལ་པོ་ཉུང་གཏོང་ཁྲོད་གྲོང་གསེབ་ཀྱི་བཟོ་བོའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས་གྲོང་གསེབ་ཀྱི་བཟོ་བོའི་རྒྱལ་སྤྱིའི་སྤེལ་རེས་དང་མཉམ་ལས་ཀྱི་རྣམ་གྲངས་ལག་ལེན་བསྟར་བར་སྐུལ་འདེད་གཏོང་བ་བཅས་བྱེད་དགོས།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།