དུས་ཚིགས་དང་པོ་ནས་གསུམ་པའི་བར་ནོར་སྲིད་ཡོང་འབབ་རིམ་གྱིས་འཕར་བ།
ཚེས་17ཉིན། ནོར་སྲིད་པུས་དུས་ཚིགས་དང་པོ་ནས་གསུམ་པའི་བར་གྱི་ནོར་སྲིད་གཏོང་ཡོང་གི་གྲངས་གཞི་གཙོ་བོ་ཁྱབ་བསྒྲགས་བྱས་ཤིང་། དུས་ཚིགས་དང་པོ་ནས་གསུམ་པའི་བར། རྒྱལ་ཡོངས་ཀྱི་སྤྱིར་བཏང་སྤྱི་པའི་སྔོན་རྩིས་ཡོང་འབབ་སྒོར་དུང་ཕྱུར་ཁྲི་16.39ཟིན་ནས་དུས་མཚུངས་ལས་0.5%འཕར་ཡོད། ནོར་སྲིད་ཡོང་འབབ་རིམ་གྱིས་འཕར་བ་དེ་ཐོག་ནས་མིག་སྔའི་དཔལ་འབྱོར་འཁོར་རྒྱུག་སྤྱི་ཡོངས་ནས་བརྟན་པོ་དང་བརྟན་ཐོག་ཡར་འཕེལ་གྱི་རྣམ་པ་མངོན་ཡོད། དུས་ཚིགས་དང་པོ་ནས་གསུམ་པའི་བར། རྒྱལ་ཡོངས་ཀྱི་སྤྱིར་བཏང་སྤྱི་པའི་སྔོན་རྩིས་གཏོང་སྒོ་སྒོར་དུང་ཕྱུར་ཁྲི་20.81ཟིན་ནས་དུས་མཚུངས་ལས་3.1%འཕར་ཡོད། དེའི་ནང་སྤྱི་ཚོགས་འགན་སྲུང་དང་ལས་ཞུགས་ཀྱི་གཏོང་སྒོ་10%དང་། སློབ་གསོའི་གཏོང་སྒོ་5.4% འཕྲོད་བསྟེན་བདེ་ཐང་གི་གཏོང་སྒོ་4.7% ཚན་རིག་ལག་རྩལ་གྱི་གཏོང་སྒོ་6.5%བཅས་འཕར་ནས་གཙོ་གནད་ཁྱབ་ཁོངས་ཀྱི་གཏོང་སྒོ་འགན་ལེན་ནུས་ལྡན་བྱུང་ཡོད།
གཞི་ཁྱོན་ཆེ་བའི་སྒྲིག་ཆས་གསར་སྒྱུར་སྲིད་ཇུས་ཀྱི་ཕན་འབྲས་བསྟུད་མར་ཐོན་ནས་རྩིས་འཁོར་འཕྲིན་གཏོང་སྒྲིག་ཆས་བཟོ་སྐྲུན་ལས་རིགས་ཀྱི་ཁྲལ་བསྡུའི་ཡོང་འབབ་12%དང་། གློག་རླངས་འཕྲུལ་ཆས་ཡོ་བྱད་བཟོ་སྐྲུན་ལས་རིགས་ཀྱི་ཁྲལ་བསྡུའི་ཡོང་འབབ་8.3% རིག་གནས་ལུས་རྩལ་རོལ་རྩེད་ལས་རིགས་ཀྱི་ཁྲལ་བསྡུའི་ཡོང་འབབ་5.5%བཅས་འཕར་ཡོད།
འབྲེལ་ཡོད་གསར་འགྱུར།