ཧྭ་གློག་འབྲི་ཆུའི་སྟོད་རྒྱུད་ཡེར་པ་ཐང་གློག་ཁང་གིས་བདེ་བླག་ངང་ཆུ་བསགས་པ།
ཉེ་ཆར། རྒྱལ་ཁབ་ཀྱི“ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་ཀྱི་གཙོ་གནད་ལས་གྲྭ་དང་རང་རྒྱལ་གྱི་སྐྲུན་བཞིན་པའི་ས་བབ་མཐོ་ཤོས་ཀྱི་ཨར་འདམ་ཆུ་རགས་གློག་ཁང་སྟེ། ཧྭ་གློག་འབྲི་ཆུའི་སྟོད་རྒྱུད་ཡེར་པ་ཐང་གློག་ཁང་གིས་བདེ་བླག་ངང་ཆུ་སྒོ་བཀག་ནས་ཆུ་བསགས་ཤིང་། འཕྲུལ་ཚན་ཁག་དང་པོ་གློག་འདོན་གྱི་གྲ་སྒྲིག་དུས་མཚམས་ལ་དངོས་སུ་སླེབས་ཡོད།
ཧྭ་གློག་འབྲི་ཆུའི་སྟོད་རྒྱུད་ཡེར་པ་ཐང་གློག་ཁང་ནི་སི་ཁྲོན་ཞིང་ཆེན་དཔལ་ཡུལ་རྫོང་དང་བོད་ལྗོངས་གོ་འཇོ་རྫོང་འབྲེལ་མཚམས་ཀྱི་འབྲི་ཆུའི་ཆུ་གཞུང་དུ་གནས་ཤིང་། དེ་ནི་འབྲི་ཆུའི་སྟོད་རྒྱུད་ཀྱི་ནུས་རྒྱུ་གཙང་མའི་རྟེན་གཞི་གལ་ཆེན་གྱི་གྲས་ཤིག་རེད། གློག་ཁང་གནས་ཡུལ་གྱི་ས་བབ་སྨི་3000ཟིན་པ་དང་གློག་འདོན་འཕྲུལ་འཁོར་ཨ་མའི་གློག་འདོན་ཚད་ཆན་ཝ་ཁྲི་224དང་། ཆུ་མཛོད་ཀྱི་ཤོང་ཚད་བསྡོམས་འབོར་སྨི་རྒྱ་དཔངས་གྲུ་བཞི་དུང་ཕྱུར་10.8བཅས་ཟིན་ཞིང་། སྐྲུན་བཞིན་པའི་སྨི་217རིམ་པའི་ཆུ་རགས་ནི་རང་རྒྱལ་གྱི་ས་བབ་མཐོ་ཤོས་ཀྱི་ཨར་འདམ་ཆུ་རགས་གློག་ཁང་ཞིག་རེད།
གློག་ཁང་ནས་གློག་འདོན་འགོ་ཚུགས་རྗེས། ལོ་རེར་ཆ་སྙོམས་གློག་འདོན་ཚད་ཆུ་ཚོད་ཆན་ཝ་དུང་ཕྱུར་102ལྷག་ཙམ་ཟིན་པ་དེ་ལོ་རེར་ཚད་ལྡན་རྡོ་སོལ་ཏུན་ཁྲི་400ཙམ་གྲོན་ཆུང་ཐུབ་ནས་དབྱང་གཉིས་ཐཱན་འགྱུར་ཏུན་ཁྲི་737ཉུང་དུ་ཕྱིན་པ་དང་མཚུངས་ཤིང་། དེ་ནས་བཏོན་པའི་གློག་ནུས་གཙང་མ་དེ་ཉིད་འཛམ་གླིང་གི་ས་བབ་མཐོ་ཤོས་ཀྱི་ཆེས་མཐོ་གནོན་གྱི་ཐད་རྒྱུག་གློག་འདྲེན་ལས་གྲྭ་སྟེ། འབྲི་ཆུའི་སྟོད་རྒྱུད་ནས་ཧུའུ་པེ±800ཆན་ཧྥུའུ་ཆེས་མཐོ་གནོན་ཐད་རྒྱུག་གློག་འདྲེན་ལས་གྲྭ་བརྒྱུད་སྲུང་ཧྭ་དབུས་རྒྱུད་ས་ཁུལ་དུ་གཏོང་རྒྱུ་ཡིན་ལ། རང་རྒྱལ་གྱི་ནུས་རྒྱུའི་གྲུབ་ཆ་ལེགས་སུ་དང་ཁྲོན་བོད་ས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགྲོ་བའི་ངོས་ནས་བརྗོད་ན་དོན་སྙིང་གལ་ཆེན་ལྡན་ཡོད།
འབྲེལ་ཡོད་གསར་འགྱུར།