གསར་གཏོད་གྲུབ་འབྲས་ཁག་སུམ་ཅུར་ཀྲུང་གོའི་ཆེད་ཁེའི་གསེར་གྱི་བྱ་དགའ་ཐོབ་པ།
ཉེ་ཆར། ཀྲུང་གོ་རྒྱལ་སྤྱིའི་ཆེད་ཁེའི་ལག་རྩལ་དང་ཐོན་རྫས་ཉོ་ཚོང་ཚོགས་འདུ་སྐབས་བཅུ་བཞི་པ་ལེའོ་ཉིང་ཏ་ལེན་དུ་འཚོགས་པ་རེད། ཚོགས་འདུའི་ཐོག་ཀྲུང་གོའི་ཆེད་ཁེའི་བྱ་དགའ་སྐབས་ཉེར་ལྔ་པ་སྤྲད་ཅིང་། རྒྱལ་ཁབ་ཤེས་བྱ་བདག་དབང་ཅུས་དང་འཛམ་གླིང་ཤེས་བྱ་བདག་དབང་རྩ་འཛུགས་ཀྱིས“མཐོ་གནོན་LDMOSལ་སྤྱོད་པའི་ལྷུ་ཆས་ཀྱི་བྱ་ཐབས་དང་ལྷུ་ཆས”སོགས་ཀྱི་གསར་གཏོད་དང་སྤྱོད་གོ་ཆོད་ལ་དབྱིབས་གསར་ཆེད་ཁེ་ཁག་30ལ་ཀྲུང་གོའི་ཆེད་ཁེའི་གསེར་གྱི་བྱ་དགའ་སྤྲད་པ་དང་། “རླངས་འཁོར” སོགས་ཕྱི་དབྱིབས་ཇུས་འགོད་ཀྱི་ཆེད་ཁེ་ཁག་10ལ་ཀྲུང་གོའི་ཕྱི་དབྱིབས་ཇུས་འགོད་ཀྱི་གསེར་གྱི་བྱ་དགའ་སྤྲད་པ་རེད།
སྐབས་འདིའི་ཀྲུང་གོའི་ཆེད་ཁེའི་བྱ་དགའ་ཐོབ་པའི་གྲུབ་འབྲས་ནང་། འགག་རྩའི་ལྟེ་བའི་ལག་རྩལ་འགག་སྒྲོལ་དང་། རྩེར་སོན་བཟོ་སྐྲུན། ལྗང་མདོག་ཐཱན་ཉུང་། ཚེ་སྲོག་བདེ་ཐང་སོགས་ཀྱི་ཁྱབ་ཁོངས་ཚུད་ཡོད། གཙོ་གནད་ཐོན་ལས་དང་འགག་རྩའི་ཁྱབ་ཁོངས་ཀྱི་ལྟེ་བའི་ལག་རྩལ་ལ་དམིགས་ཏེ“སྐེ་བཙིར”ལག་རྩལ་གྱི་དཀའ་གནད་ཁག་གཅིག་བསལ་བས། དཔལ་འབྱོར་དང་སྤྱི་ཚོགས་ཀྱི་ཕན་འབྲས་མངོན་གསལ་དོད་པོ་ཡོད་ཅིང་། རིམ་རྩིས་བརྒྱབ་ན་འབྲེལ་ཡོད་ཆེད་ཁེའི་ཐོན་རྫས་ཕྱིར་ཚོང་ཡོང་འབབ་སྒོར་དུང་ཕྱུར་5800ལྷག་ཙམ་ཟིན་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།