དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ད་ལོ་ཧའེ་ནན་ནས་རྒྱལ་མཚམས་འཛུལ་སྒྲོལ་བྱེད་མཁན་མི་ཐེངས་ཁྲི་200ལྷག་ཙམ་ཟིན་པ།

  • ཡོང་ཁུངས།  མི་དམས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2025-10-18

    ཟླ་10ཚེས་15ཉིན། རྒྱལ་མཚམས་འཛུལ་མཁན་ཡུལ་སྐོར་བས་ཧའེ་ཁོའུ་མེ་ལན་མཐའ་མཚམས་ཞིབ་བཤེར་ས་ཚིགས་སུ་མཐའ་མཚམས་ཞིབ་བཤེར་གྱི་འགྲོ་ལུགས་གཉེར་བཞིན་པ།

     ཟླ་10ཚེས་15ཉིན་གྱི་ཆུ་ཚོད་15དང་སྐར་མ་10ཙམ་ལ། སིང་ཀ་ཕོར་དང་ཀྲུང་གོའི་ཤང་ཀང་ནས་ཡོང་བའི་འགྲུལ་པ་350ལྷག་ཙམ་བླུགས་པའི་དུས་གཏན་གནམ་གྲུ་གཉིས་ཧའེ་ཁོའུ་མེ་ལན་རྒྱལ་སྤྱིའི་གནམ་ཐང་དུ་འབྱོར་བ་དང་བསྟུན་ནས། ད་ལོ་ཧའེ་ནན་ནས་རྒྱལ་མཚམས་འཛུལ་སྒྲོལ་བྱེད་མཁན་མི་ཐེངས་ཁྲི་200ལྷག་ཙམ་ཟིན་པ་མཚོན་གྱི་ཡོད།

    ཐོངས་མཆན་འགོད་མི་དགོས་པའི་སྲིད་ཇུས་མུ་མཐུད་ལེགས་སྒྲིག་རིམ་སྤོར་བྱས་པ་དང་བསྟུན་ནས། མིག་སྔར་རྒྱལ་ཁབ་86གི་མི་སྣ་ཧའེ་ནན་དུ་ཐོངས་མཆན་འགོད་མི་དགོས་པར་འགྲོ་ཆོག་པ་དང་། སྤྱོད་རུང་བའི་ཐོངས་མཆན་འགོད་མི་དགོས་པའི་སྲིད་ཇུས་ནང་རྒྱལ་ཡོངས་ཀྱི་ཕྱོགས་གཉིས་པོར་ཕན་ཚུན་ཐོངས་མཆན་འགོད་མི་དགོས་པ་དང་། ཕྱོགས་རྐྱང་པར་ཐོངས་མཆན་འགོད་མི་དགོས་པ། དེ་བཞིན་ཧའེ་ནན་ལ་རྒྱལ་ཁབ་59ཡི་མི་སྣ་རྒྱལ་མཚམས་ནང་འཛུལ་བར་ཉིན་30ཐོངས་མཆན་འགོད་མི་དགོས་པ། ཤང་ཀང་དང་ཨའོ་མོན་ས་ཁུལ་ལ་ཕྱི་རྒྱལ་གྱི་ཡུལ་སྐོར་ཚོགས་པ་ཆུ་ཚོད་144རྒྱལ་མཚམས་ནང་འཛུལ་བ་དང་ཆུ་ཚོད་240རྒྱལ་མཚམས་ནས་སྒྲོལ་བར་ཐོངས་མཆན་འགོད་མི་དགོས་པ། ཡུལ་སྐོར་མཚོ་གྲུའི་ཕྱི་རྒྱལ་གྱི་ཡུལ་སྐོར་ཚོགས་པར་ཉིན་15ཐོངས་མཆན་འགོད་མི་དགོས་པ་བཅས་ཚུད་ཡོད་པ་རེད།

    ཧའེ་ཁོའུ་རྒྱལ་མཚམས་འཛུལ་སྒྲོལ་མཐའ་སྲུང་ཞིབ་བཤེར་སྤྱི་ཁྱབ་ས་ཚིགས་ཀྱིས་བསྡོམས་རྩིས་བརྒྱབ་པར་གཞིགས་ན། ད་ལོ་ཚུན་དུ་ཧའེ་ནན་དུ་རྒྱལ་མཚམས་འཛུལ་སྒྲོལ་བྱེད་མཁན་མི་ཐེངས་ཁྲི་200ལས་བརྒལ་བ་དེ་དུས་མཚུངས་ལས་22.4%འཕར་བ་དང་། དེའི་ནང་རྒྱལ་མཚམས་འཛུལ་སྒྲོལ་བྱེད་མཁན་གྱི་ཕྱི་རྒྱལ་བ་མི་ཐེངས་ཁྲི་106ལས་བརྒལ་བ་དེ་དུས་མཚུངས་ལས་45.1%འཕར་ཡོད། ཧའེ་ནན་རང་མོས་ཚོང་དོན་གྲུ་ཁ་ཁྲལ་སྡོམ་ལས་གཉེར་བྱེད་ཉེར་ཡོད་པ་དང་། ཧའེ་ནན་མཐའ་སྲུང་ཞིབ་བཤེར་ལས་ཁུངས་ཀྱིས་གྲུ་ཁའི་མཁྲེགས་ཆས་དང་མཉེན་ཆས་འཛུགས་སྐྲུན་ལ་སྐུལ་འདེད་ཤུགས་ཆེན་བཏང་ནས་ཚོད་ལྟ་ཐེངས་མང་བྱས་པ་དང་། ཞིང་ཆེན་ཡོངས་ཀྱི་ཕྱི་ཕྱོགས་སྒོ་དབྱེའི་འགག་སྒོ་8དང་འགག་སྒོ་རིམ་པ་གཉིས་པ་10ཡི་མཐའ་མཚམས་ཞིབ་བཤེར་སྒྲིག་ཆས་ཚང་མ་བསྐྲུན་ཟིན་པ་ཞིང་། ཐོངས་མཆན་འགོད་མི་དགོས་པར་རྒྱལ་མཚམས་ནས་འཛུལ་བའི་ཕྱི་རྒྱལ་བར་གླིང་ཕྲན་ནས་གྱེས་སྐབས་ཀྱི་དོ་དམ་ཞབས་ཞུའི་ལམ་སྲོལ་ནུས་ལྡན་ངང་འཁོར་སྐྱོད་བྱེད་པ། “རིག་ལྡན་འགག་སྒོ གྲངས་འཛིན་མཐའ་མཚམས་ཞིབ་བཤེར”མ་ལག་སྤྱོད་འགོ་ཚུགས་པ། འགག་སྒོའི་ཁྲལ་སྡོམ་ལས་གཉེར་གྱི་གྲ་སྒྲིག་ལས་དོན་ཁག་བདེ་བླག་ངང་སྤེལ་བ་བཅས་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།