དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • འཛམ་གླིང་འབྲུ་རིགས་ཉིན་མོར“ལྟོ་ཕོར”གྱི་སྐོར་གླེང་བ།

  • ཡོང་ཁུངས།  མི་དམས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། ཀུའུ་དབྱི་ཕིང་། ཧུའུ་ལེའོ་རན།   |     སྤེལ་དུས།  2025-10-18

    འདི་ནི་ཟླ་10ཚེས་15ཉིན། འབྲུ་ཚོང་རླངས་འཁོར་ཧེ་ལུང་ཅང་ཞིང་ཆེན་ཅ་མུའུ་སི་གྲོང་ཁྱེར་ཧྥུའུ་ཅིན་གྲོང་ཁྱེར་གྱི་འབྲུ་རིགས་གསོག་འཇོག་ཁེ་ལས་ཤིག་གི་སྒོ་འགྲམ་དུ་བང་སྒྲིག་བཞིན་པ།

    ཟླ་10ཚེས་16ཉིན་ང་ཚོས་འཛམ་གླིང་འབྲུ་རིགས་ཉིན་མོ་ཐེངས་45པ་བསུས་ཡོད། ད་ལོའི་འབྲུ་རིགས་ཉིན་མོའི་བརྗོད་དོན་གཙོ་བོ་ནི“ལག་གདང་སྦྲེལ་ནས་ཞིམ་ཟས་སྣ་མང་མཉམ་དུ་དར་སྤེལ་གཏོང་བ་དང་སྟོབས་ཤུགས་གཅིག་སྒྲིལ་བྱས་ནས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་མཉམ་དུ་གཏོད”ཅེས་པ་དེ་ཡིན།

    མི་དུང་ཕྱུར་14ལྷག་ཙམ་གྱི་ཟ་མའི་གནད་དོན་ཐག་གཅོད་བྱ་རྒྱུ་ནི་རང་རྒྱལ་གྱི་རྒྱལ་བབ་ཆེ་ཤོས་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཐོག་མཐའ་བར་གསུམ་དུ་འབྲུ་རིགས་བདེ་འཇགས་ཀྱི“དོན་ཆེན་ཨང་དང་པོ”དེར་ཐུགས་ཁུར་ཟབ་བཞེས་གནང་ནས“རྒྱལ་ཁབ་ཀྱི་འབྲུ་རིགས་བདེ་འཇགས་འགན་ལེན་བྱ་རྒྱུ་དེ་མངོན་གསལ་དོད་པའི་གནས་བབ་ཏུ་འཇོག་དགོས”ཞེས་ནན་བཤད་གནང་ཡོད།

    ཞིང་ལས་དང་གྲོང་གསེབ་པུའི་ཞིང་ལས་གནས་ཚུལ་གསར་ཤོས་ལས་མངོན་པར། རྒྱལ་ཡོངས་ཀྱི་སྟོན་འབྲུ་བསྡུ་ཚད་བཅུ་ཆ་དྲུག་ལས་བརྒལ་ཡོད།

    མིག་སྔར། རང་རྒྱལ་གྱི་མི་རེར་ཆ་སྙོམས་འབྲུ་རིགས་དབང་ཚད་སྤྱི་རྒྱ་500ཟིན་པ་དེ་རྒྱལ་སྤྱིའི་ཐོག་ཀུན་གྱིས་ཁས་ལེན་པའི་མི་རེར་ཆ་སྙོམས་འབྲུ་རིགས་སྤྱི་རྒྱ་400ཡི་བདེ་འཇགས་ཀྱི་ཚད་གཞི་ལས་མཐོ་བ་ཡོད་པས་འབྲུ་རིགས་གཞི་རྩའི་ཆ་ནས་རང་ཁ་རང་གསོ་དང་བཟའ་འབྲུ་རྦད་དེ་བདེ་འཇགས་བྱུང་ཡོད། ལྟོ་ཕོར་འགན་ལེན་བྱུང་བས་ཀྲུང་གོའི་གདེང་ཚོད་ཀྱང་ཆེ་རུ་ཕྱིན་ཡོད།

    བློ་བརྟན་འགྱུར་མེད་ངང་ལོ་ལེགས་འགན་ལེན་བྱས།

    རང་རྒྱལ་གྱི་འབྲུ་རིགས་ཐོན་ཚད་ལོ་མང་བསྟུད་མར་རྒྱ་མ་དུང་ཕྱུར་ཁྲི1.3ཡན་རྒྱུན་འཁྱོངས་ཐུབ་ཡོད་པ་དང་། ན་ནིང་རྒྱ་མ་དུང་ཕྱུར་ཁྲི1.4ཡི་སྐས་རིམ་གསར་པར་ཐོག་མར་སླེབས་ཡོད་མོད། འོན་ཀྱང་ལོ་མང་ལོ་ལེགས་བྱུང་བ་དེས་ལྷོད་གཡེང་གཏོང་ཆོག་པ་མི་མཚོན་པ་དང་རང་བྱུང་གནོད་འཚེ་སོགས་ཀྱི་ཤུགས་རྐྱེན་དབང་གིས་འབྲུ་རིགས་ཐོན་སྐྱེད་ལ་ད་དུང་ཉེན་ཁ་འཕྲད་བཞིན་ཡོད།

    ཉེ་ཆར་ཧོང་ཧོའེ་ས་ཁུལ་དང་ལྷག་པར་དུ་ཧོ་ནན་དང་ཧྲན་ཏུང་སོགས་ས་ཁུལ་དུ་བསྟུད་མར་དྲག་ཆར་བབས་པར་བརྟེན་ས་ཆ་ཁག་གཅིག་གི་ཞིང་ཁར་ཞོད་སྐྱོན་ཐོན་ནས་ཞིང་ལས་འཕྲུལ་ཆས་སྤྱོད་དཀའ་བར་གྱུར་ཏེ་སྟོན་བསྡུའི་མྱུར་ཚད་ལ་ཤུགས་རྐྱེན་ཐེབས་ཡོད།

    རྒྱལ་ཁབ་ཆེན་པོའི་འབྲུ་མཛོད་ཀྱི་འབྲུ་རིགས་དེ་བས་ལྗང་མདོག་དང་སོས་པོ་ཡོང་བར་བྱས་པ།

    འབྲུ་རིགས་ལ་དྲོད་ཚད་སྙོམས་པོ་དགོས་པ་དང་དྲོད་ཚད་མཐོ་ན་ཧམ་བུ་རྒྱག་སླ་པོ་ཡོད། ཧོ་ནན་ཀྲོའུ་ཁོའུ་རུ་ཡོད་པའི་ལྟེ་བའི་འབྲུ་མཛོད་ཁང་དུ་ལས་དོན་མི་སྣས་དྲོད་ཚད་སྙོམས་སྒྲིག་གི་ལག་རྩལ་ལ་བརྟེན་ནས་འབྲུ་རིགས་སོས་པ་ཡོང་ཐབས་དང་། དགུན་དུས་བྱང་ཕྱོགས་ཀྱི་གྲང་རླུང་ལ་བརྟེན་ནས་འབྲུ་མཛོད་གྲང་ཐབས། དབྱར་དུས་འབྲུ་རིགས་གྲང་ཐབས་བྱས་ནས་ཧམ་བུ་མི་རྒྱག་པ་བཅས་བྱེད་ཀྱི་ཡོད།

    ལྷོ་བྱང་ས་ཁུལ་དུ་དེ་བས་མང་བའི་ལྗང་མདོག་འབྲུ་གསོག་ཚན་རྩལ་ཡུལ་བབ་དང་བསྟུན་ནས་སྤྱད་པས་གསོག་འཇོག་འབྲུ་རིགས་ཀྱི་གྲངས་འབོར་ལ་གྱོང་གུན་ཕོག་ཚད་ཉུང་དུ་ཕྱིན་པ་མ་ཟད། ད་དུང་འབྲུ་རིགས་ཀྱི་སྤུས་ཀ་ལེགས་སུ་སོང་ནས་མི་རྣམས་ཀྱིས་དེ་བས་སོས་པ་དང་སྤུས་ལེགས་ཀྱི་ཀྲུང་གོའི་འབྲུ་རིགས་སྤྱོད་ཐུབ་ཡོད།

    “ལྕེ་ཐོག་གི་འཕྲོ་བརླག”ཇེ་ཉུང་དུ་གཏོང་རྒྱུ་དེ་རིམ་བཞིན་དར་སྲོལ་དུ་གྱུར་པ།

    འཛམ་གླིང་འབྲུ་རིགས་ཉིན་མོ་འཁེལ་བའི་གཟའ་འཁོར་ནི་རང་རྒྱལ་གྱི་འབྲུ་རིགས་བདེ་འཇགས་དྲིལ་བསྒྲགས་ཀྱི་གཟའ་འཁོར་ཡིན། ད་ལོའི་དྲིལ་བསྒྲགས་གཟའ་འཁོར་གྱི་བརྗོད་དོན་གཙོ་བོ་ནི“འབྲུ་རིགས་གྲོན་ཆུང་བྱ་རྒྱུ་ནི་མི་ཚང་མའི་འགན་འཁྲི་ཡིན”ཞེས་པ་དེ་ཡིན།

    ལྟོ་ཕོར་ནང་གི་འབྲུ་རིགས་ལ་གཅེས་སྤྲས་བྱས་ནས་འཕྲོ་བརླག་འགྲོ་ཚད་ཉུང་དུ་གཏོང་རྒྱུ་ནི་ཞིང་པ་དུང་ཕྱུར་མང་པོའི་དཀའ་སྤྱད་ངལ་རྩོལ་ལ་བརྩི་འཇོག་བྱེད་པ་ཞིག་ཡིན་ལ། ང་ཚོས“ཀྲུང་གོའི་ལྟོ་ཕོར”ཡག་པོ་སྲུང་བའི་བྱེད་ཐབས་ཤིག་ཀྱང་ཡིན།

    དགོང་ཟས་ཀྱི་དུས་སུ། ཀྲེ་ཅང་ཧང་ཀྲོའུ་ཡི་ཟ་ཁང་རྙིང་པ“བྲོ་ཞིམ་ཟ་ཁང”དུ་མི་ཚོགས་ཀྱིས་ཁེངས་ཤིང་། གསར་འགོད་པ་ཟ་ཁང་དུ་སྐྱོད་སྐབས། ཟ་མ་མ་མངགས་གོང་ཞབས་ཞུ་བས་སྐུ་མགྲོན་ལ་ཚལ་གྱི་མང་ཉུང་བཤད་ནས་སྐུ་མགྲོན་གྱིས་ཚལ་གྱི་མང་ཉུང་མི་ཤེས་པའི་དབང་གིས་ཟ་མ་མངགས་དྲགས་ནས་འཕྲོ་བརླག་འགྲོ་བའི་གནས་ཚུལ་མི་ཐོན་པ་བྱེད་པ་མཐོང་བྱུང་། ཟ་མ་ཉོ་སའི་སྒེའུ་ཁུང་གི་འགྲམ་དང་། ཅོག་ཙེའི་ཐོག་གི་བྱང་བུ། ཤོག་བུའི་ཚལ་ཐོ་བཅས་ཀྱི་ཐོག་ཏུ་ཟ་མ་འཕྲོ་བརླག་གཏོང་མི་ཆོག་པའི་དྲན་སྐུལ་ཡི་གེ་བྲིས་ཡོད།

    མིག་སྔར། རྒྱལ་ཡོངས་ས་གནས་ཁག་གི“སྡེར་གཙང་བྱ་སྤྱོད”རིམ་བཞིན་མི་སེམས་སུ་ཟུག་ནས་བཟའ་བཏུང་གྲོན་ཆུང་བྱ་རྒྱུ་དེ་མི་དེ་བས་མང་པོས་དོན་གཉེར་བྱེད་པའི་བྱ་སྤྱོད་གསར་པར་གྱུར་ཡོད།

    ཟ་མ་སྣ་ཁ་འཛོམས་པ།

    སྐམ་ས་ནས་ཟས་རིགས་འཚོལ་བ་དང་རྒྱ་མཚོ་ནས་ཀྱང་ཟས་རིགས་འཚོལ་ཞིང་། ཟ་མ་ནི་འབྲུ་རིགས་ཁོ་ནར་གོ་བ་ཞིག་མིན་པར་ད་དུང་ཤ་སྒོང་འོ་མ་དང་། ཤིང་འབྲས་སྔོ་ཚལ་ཉ་རིགས། ཤ་མོ་སོགས་ལའང་གོ་གི་ཡོད། སྣ་མང་ཅན་གྱི་ཟས་རིགས་མཁོ་སྤྲོད་མ་ལག་བཙུགས་ནས་མི་དམངས་གྲོད་པ་རྒྱགས་པ་ནས་འཚོ་བཅུད་ལྡན་པའི་བཟའ་བཅའ་ཟ་ཐུབ་པའི་བར་འགྱུར་ལྡོག་བྱུང་ཡོད།

    ཟས་རིགས་ཆེན་པོའི་ལྟ་བ་ལག་བསྟར་བྱས་ནས་ཟས་རིགས་ཀྱི་སྣ་ཁ་རྒྱུན་ཆད་མེད་པར་མང་དུ་བཏང་ཞིང་། 2024ལོའི་ལོ་མཇུག་ཏུ། རང་རྒྱལ་གྱི་ཤ་དང་སྒོ་ང་འོ་མ་སོགས་ཕྱུགས་ལས་ཐོན་རྫས་ཀྱི་སྤྱི་འབོར་ཏུན་དུང་ཕྱུར་1.75ཟིན་ནས་2020ལོ་ལས་18.8%འཕར་ཡོད། ཆུ་ཐོན་ཐོན་རྫས་ཀྱི་སྤྱིའི་ཐོན་ཚད་ཏུན་ཁྲི་7358ཟིན་ནས་2020ལོ་ལས་12.3%འཕར་ཡོད། བཟའ་བྱའི་ཤ་མོའི་རིགས་ཀྱི་ལོའི་ཐོན་ཚད་ཏུན་ཁྲི་4000ཟིན་པ་སོགས་སོ།

    (ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་འབྱོར་བའི་གློག་འཕྲིན) 

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།