དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཧོང་ཧོའེ་སོགས་ཀྱི་ས་ཆར་གནམ་འཐིབས་པ་དང་ཆར་པ་བབས་པས་སྟོན་བསྡུར་ཤུགས་རྐྱེན་ཐེབས་པ།

    འགན་བཅོལ་ལས་རིགས་ཀྱིས་སྟོན་འབྲུའི་གྱོང་གུན་ཁ་གསབ་སྒོར་དུང་ཕྱུར་14.1ཙམ་སྤྲད་པ།

  • ཡོང་ཁུངས།  མི་དམས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2025-10-18

    གསར་འགོད་པར་ཀྲུང་གོ་འགན་བཅོལ་ལས་རིགས་མཐུན་ཚོགས་ནས་ཤེས་རྟོགས་བྱུང་བར། ཉེ་དུས་ཧོང་ཧོའེ་སོགས་སུ་བསྟུད་མར་གནམ་འཐིབས་པ་དང་ཆར་པ་འབབ་པའི་གནམ་གཤིས་བསྟན་པར་ཁ་གཏད་གཅོག་པ་དང་ཞིང་ལས་ཐོན་སྐྱེད་དང་ཞིང་དུད་ཀྱི་ཐོན་འབབ་འགན་ལེན་བྱ་ཆེད། འབྲེལ་ཡོད་ས་གནས་འགན་བཅོལ་སྒྲིག་གཞིས“ཁ་གསབ་འཇལ་དགོས་རིགས་ལ་འཇལ་གང་ཐུབ་བྱེད་པ་དང་། འཇལ་ཐུབ་རིགས་གང་མགྱོགས་འཇལ་བ། ལུགས་མཐུན་གྱིས་སྔོན་ནས་འཇལ་བ”བཅས་ཀྱི་རྩ་དོན་གཞིར་བཟུང་། སྟོན་འབྲུའི་གུན་གསབ་ཞབས་ཞུའི་ཐོགས་མེད་བགྲོད་ལམ་བཏོད་པ་རེད། ཟླ་10ཚེས་13ཉིན་བར། འགན་བཅོལ་ལས་རིགས་ཀྱིས་སྟོན་འབྲུའི་གྱོང་གུན་སྣ་ཚོགས་ཀྱི་ཁ་གསབ་སྒོར་དུང་ཕྱུར་14.1འཇལ་བ་དང་སྦྲགས་མ་དངུལ་སྒོར་ཁྲི་4600ལྷག་ཙམ་གྱི་ཉེན་སེལ་གུད་སྐྱོབ་དངུལ་ཡང་སྤྲད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།