ཕྱི་རོལ་ལུས་སྦྱོང་ཡོ་བྱད་བདེ་འཇགས་ཀྱི་རྒྱལ་ཁབ་ཀྱི་ཚད་གཞི་གསར་པ་ལག་ལེན་བསྟར་བ།
ཁྲོམ་ར་ལྟ་འདོམས་སྤྱི་ཁྱབ་ཅུས(རྒྱལ་ཁབ་ཚད་གཞི་ཨུ་ལྷན)ཀྱིས་ཁྱབ་བསྒྲགས་བྱས་པའི《ཕྱི་རོལ་ལུས་སྦྱོང་ཡོ་བྱད་ཀྱི་བདེ་འཇགས་སྤྱི་སྤྱོད་བླང་བྱའི》བཙན་ཤེད་རང་བཞིན་གྱི་རྒྱལ་ཁབ་ཀྱི་ཚད་གཞི་གསར་པ་ད་ལོའི་ཟླ་9པ་ནས་བཟུང་ལག་བསྟར་བྱས་པ་རེད། ད་ཐེངས་ཀྱི་བཟོ་བཅོས་ནི་2003ལོའི་དཔར་གཞི་དང་པོ་ཁྱབ་བསྒྲགས་བྱས་ཚུན་གྱི་བཟོ་བཅོས་བྱེད་ཐེངས་གཉིས་པ་དེ་ཡིན།
ཚད་གཞིའི་ནང་ཇུས་འགོད་དང་། ཐོན་སྐྱེད། སྒྲིག་སྦྱོར། བདག་སྐྱོང་། བེད་སྤྱོད་བཅས་ཀྱི་འཁོར་འབྲེལ་ཧྲིལ་པོའི་བདེ་འཇགས་ལག་རྩལ་གྱི་བླང་བྱ་གསར་སྒྱུར་དང་རིམ་སྤོར་བྱས་ནས། ཕྱི་རོལ་ལུས་སྦྱོང་ཡོ་བྱད་ཀྱི་གྲུབ་ཆའི་ཇུས་འགོད་དང་། ས་གནས་སྒྲིག་སྦྱོར། བདེ་འཇགས་ཉེན་གཏོང་། དོ་དམ་བདག་སྐྱོང་སོགས་ཀྱི་བླང་བྱ་བརྒྱུད་རིམ་ལྡན་པའི་སྒོ་ནས་གཏན་འཁེལ་བྱས་ཡོད་པ་དང་། སྤྱིའི་བླང་བྱ་དང་། ལྗང་མདོག་ཁོར་ཡུག་སྲུང་སྐྱོང་། ཚུར་བསྡུ་ཆོག་པའི་རྒྱུ་ཆའི་བླང་བྱ། ཐེག་ཚད་རྩི་ཐབས་སོགས་ཀྱི་ནང་དོན་གསར་དུ་བསྣན་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།