གཡོད་ཀང་ཨའོ་མཉམ་དུ“ཁུག་ཆེན་ཁུལ་གྱི་ཚད་གཞི”གསར་པ་ཁག་ཉི་ཤུ་རྩ་བདུན་ཁྱབ་བསྒྲགས་བྱས་པ།
ཟླ་10ཚེས་14ཉིན་ནི་འཛམ་གླིང་ཚད་གཞིའི་ཉིན་མོ་ཨང་ང་དྲུག་པ་ཡིན་པ་དང་། ཀོང་ཏུང་ཞིང་ཆེན་ཁྲོམ་ར་ལྟ་འདོམས་ཅུས་དང་། ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་བཟོ་ལས་ཚོང་དོན་ཧྲུའུ། ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ་དཔལ་འབྱོར་དང་ཚན་རྩལ་འཕེལ་རྒྱས་ཅུས་བཅས་ཀྱིས་མཉམ་དུ“ཁུག་ཆེན་ཁུལ་གྱི་ཚད་གཞི”གསར་པ་ཁག་27ཁྱབ་བསྒྲགས་བྱས་པ་རེད།
ད་ཐེངས་ཁྱབ་བསྒྲགས་བྱས་པའི“ཁུག་ཆེན་ཁུལ་གྱི་ཚད་གཞིའི”ནང“ལྗང་མདོག་བུན་འཛིན་གྱི་ཁོར་ཡུག་ཕན་འབྲས་ཆ་འཕྲིན་གྱི་ཁྱབ་བསྒྲགས་དམིགས་ཚད”དང་། “ཆ་འཕྲིན་འཕྲིན་གཏོང་གི་རྨང་གཞིའི་སྒྲིག་བཀོད་ལས་གྲྭའི་འཆར་འགོད་ཇུས་འགོད་ཀྱི་ཚད་གཞི”“ཀྲུང་ལུགས་གསོ་རིག་གི་ཚད་ལྡན་ནད་ཁང་གི་ནད་གཡོག་དོ་དམ་ཚད་གཞི”“ཁྱིམ་སྡོད་རྒན་གསོ། རྒན་རྒོན་གྱི་བདེ་ཐང་དོ་དམ་ཞབས་ཞུའི་ཚད་གཞི”སོགས་ཚུད་ཡོད་པ་དང་། དེ་དག་ཐོན་ལས་དང་། ཚོང་གཉེར། རིག་གནས་སོགས་དང་འབྲེལ་བ་ཡོད་པ་རེད།
གཡོད་ཀང་ཨའོ་ཁུག་ཆེན་ཁུལ་གྱིས་ཐུན་མོང་ཐོག་གཉེར་བའི་ལུས་རྩལ་འགྲན་ཚོགས་སྐབས་བཅོ་ལྔ་པ་དང་དབང་པོ་སྐྱོན་ཅན་གྱི་དམིགས་བསལ་ཨོ་ལིམ་ཕིག་ལུས་རྩལ་འགྲན་ཚོགས་ལ་རོགས་རམ་བྱ་ཆེད། ད་ཐེངས་ཀྱི“ཁུག་ཆེན་ཁུལ་གྱི་ཚད་གཞིའི”ནང《བྱེད་སྒོ་ཆེ་གྲས་ཀྱི་དང་བླངས་ཞབས་ཞུའི་སྤྱི་སྤྱོད་ཚད་གཞི》བཏོན་ནས་དང་བླངས་ཞབས་ཞུ་དེ་ཁུག་ཆེན་ཁུལ་གྱི་དང་བླངས་པའི་མཛེས་སྡུག་ལྡན་པའི་མིང་བྱང་དུ་གྱུར་ཡོད།
མིག་སྔའི་བར་གཡོད་ཀང་ཨའོ་ཡིས་མཉམ་དུ“ཁུག་ཆེན་ཁུལ་གྱི་ཚད་གཞི”262བཟོས་པ་དེ་དག་འགྲིམ་འགྲུལ་དང་། ཆུ་བེད། ཀྲུང་ལུགས་གསོ་རིག ལྗང་མདོག་སྐྱེ་ཁམས། རྒན་གསོ་ཞབས་ཞུ་སོགས་ཁྱབ་ཁོངས་མང་པོར་ཁྱབ་ཡོད་པ་རེད། ཚད་གཞི་དེ་དག་གཏན་འབེབས་དང་ཁྱབ་གདལ་བཏང་བ་དེས་ཁུག་ཆེན་ཁུལ་གྱི་སྒྲིག་སྲོལ་དང་ལམ་སྲོལ་འབྲེལ་མཐུད་ལ་སྔར་བས་སྐུལ་འདེད་གཏོང་བ་དང་ས་ཁོངས་གཞི་གཅིག་ཅན་གྱི་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས། རྒྱལ་སྤྱིའི་རྩེར་སོན་གྱི་ཁུག་ཆེན་ཁུལ་དང་འཛམ་གླིང་རིམ་པའི་གྲོང་ཚོགས་གཏོད་རྒྱུར་རོགས་རམ་བྱེད་ཐུབ་རྒྱུ་རེད།
འབྲེལ་ཡོད་གསར་འགྱུར།