འཛམ་གླིང་ཚོང་ཟོག་ཆུང་ངུའི་ཕ་ཡུལ་དུ་གྲགས་པའི་ཀྲེ་ཅང་དབྱི་ཝུའུ་ཡི་མིང་གྲགས་ཆེ་རུ་ཕྱིན་པ།
ཀྲེ་ཅང་དབྱི་ཝུའུ་གྲོང་ཁྱེར་ནི་ཀྲེ་ཅང་ཞིང་ཆེན་གྱི་དབུས་རྒྱུད་དུ་གནས་པ་དང་། དེ་ནི་རྒྱལ་ནང་དང་རྒྱལ་སྤྱིའི་རྒྱུན་འཁོར་གཉིས་ཀྱི་གཙོ་གནད་མཚམས་ཚིགས་ཀྱི་གྲོང་ཁྱེར་ཞིག་རེད། དབྱི་ཝུའུ་གྲོང་ཁྱེར་གྱིས“ཚོང་དར་གྲོང་སྐྲུན”གྱི་འཕེལ་རྒྱས་ཀྱི་འཐབ་ཇུས་མཐའ་འཁྱོངས་དང་གཏིང་ཟབ་ཏུ་བཏང་ནས། ཁྲོམ་ར་སྐྱེད་སྲིང་དང་། འཕེལ་རྒྱས། མཐོར་གཏོང་བཅས་ལྟེ་བར་བྱས་ཏེ་ཁྱད་ཆོས་ཟབ་མོ་ལྡན་པའི་ས་ཁོངས་འཕེལ་རྒྱས་ཀྱི་ལམ་བུར་བསྐྱོད་ཡོད། མིག་སྔར་དབྱི་ཝུའུ་ཡི་ཁྲོམ་རའི་གཉེར་སྐྱོང་རྒྱ་ཁྱོན་ལ་སྨི་ངོས་གྲུ་ཁྲི་640ལྷག་ཙམ་ཟིན་ནས་གོ་ལ་ཧྲིལ་པོའི་ཚོང་ཟོག་ཆུང་གྲས་ཀྱི་སྡེབ་ཚོང་ཁྲོམ་ར་ཆེ་ཤོས་སུ་གྱུར་ཡོད།
འདི་ནི་ཟླ་10ཚེས་14ཉིན་ཕྱི་རྒྱལ་གྱི་ཚོང་འགྲུལ་པ་ཞིག་གིས་དབྱི་ཝུའུ་རྒྱལ་སྤྱིའི་ཚོང་དོན་གྲོང་གི་ཁུལ་དང་པོའི་ཁྲོམ་རའི་ཚོང་ཁང་ནས་ཚོང་ཟོག་ཉོ་བཞིན་པ།
འབྲེལ་ཡོད་གསར་འགྱུར།