གོ་ལ་ཧྲིལ་པོའི་བུད་མེད་ཀྱི་ནུས་པ་འཛུགས་སྐྱོང་ལྟེ་གནས་ཀྱི་སྒོ་བྱང་བཀལ་བ།
ཉིན་ཤས་གོང་། གོ་ལ་ཧྲིལ་པོའི་བུད་མེད་ཀྱི་ནུས་པ་འཛུགས་སྐྱོང་ལྟེ་གནས་ཀྲུང་ཧྭ་བུད་མེད་སློབ་གླིང་དུ་སྒོ་བྱང་བཀལ་ནས་བཙུགས་པ་དང་། ལྟེ་གནས་དེ་ནི་རྒྱལ་ཡོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་དང་རྒྱལ་ཁབ་རྒྱལ་སྤྱི་འཕེལ་རྒྱས་མཉམ་ལས་ཧྲུའུ་ཡིས་མཉམ་དུ་ཀྲུང་ཧྭ་བུད་མེད་སློབ་གླིང་ལ་བརྟེན་ནས་བཙུགས་པ་ཞིག་རེད། དེའི་དམིགས་ཡུལ་ནི་འབྲེལ་ཡོད་རྒྱལ་ཁབ་ཀྱི་སྲིད་གཞུང་དང་རྒྱལ་སྤྱིའི་རྩ་འཛུགས་ཀྱི་མཉམ་ལས་བརྒྱུད། བུད་མེད་ཁྱབ་ཁོངས་ཀྱི་ནུས་པ་འཛུགས་སྐྱོང་དང་འཕེལ་རྒྱས་ཀྱི་ལག་ལེན་ལ་སྐུལ་འདེད་བཏང་སྟེ། བུད་མེད་ཤེས་ལྡན་པ་ཕུལ་བྱུང་དེ་བས་མང་བ་གསོ་སྐྱོང་བྱས་ནས་གོ་ལ་ཧྲིལ་པོའི་ཕོ་མོ་འདྲ་མཉམ་དང་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ལ་རམ་འདེགས་བྱ་ཆེད་ཡིན་པ་རེད།
རྒྱལ་ཡོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་དང་ཧྲུའུ་ཅི་ཁྲུའི་ཧྲུའུ་ཅི་ཨང་དང་པོ་ཧོང་ཞའོ་ཝེ་ཡིས། གོ་ལ་ཧྲིལ་པོའི་བུད་མེད་ཀྱི་ནུས་པ་འཛུགས་སྐྱོང་ལྟེ་གནས་བཙུགས་པ་ནི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་གོ་ལ་ཧྲིལ་པོའི་བུད་མེད་དབུ་ཚོགས་ཐོག་བཏོན་གནང་བའི་གྲོས་འགོ་བཞི་དོན་འཁྱོལ་དང་བུད་མེད་ཁྱབ་ཁོངས་ཀྱི་རྒྱལ་སྤྱིའི་མཉམ་ལས་ཟབ་ཏུ་གཏོང་བའི་བྱ་ཐབས་ནུས་ལྡན་གཞན་ཞིག་ཡིན་པས། ཀྲུང་གོའི“གང་བཤད་དོན་འཁེལ་དང་གང་བྱས་མཐའ་འཁྱོལ”གྱི་འགན་འཁྲི་འཁུར་སེམས་མཚོན་ཡོད་ཅེས་བརྗོད།
མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེ་གཞོན་པ་བུད་མེད་ཧྲུའུ་ཡི་ལག་བསྟར་ཀྲུའུ་རེན་པ་ཧུའུ་སི་དང་གོ་ལ་ཧྲིལ་པོའི་བུད་མེད་དབུ་ཚོགས་ལ་ཞུགས་མཁན་འབྲེལ་ཡོད་རྒྱལ་ཁབ་ཀྱི་པུའུ་ཀྲང་རིམ་པའི་འཐུས་མི་སྒོ་བྱང་འགེལ་བའི་མཛད་སྒོར་མཉམ་དུ་ཞུགས་ཡོད།
འབྲེལ་ཡོད་གསར་འགྱུར།