བོད་ལྗོངས་འགྲན་ཁུལ་གྱི་སྐྱེས་པའི་U13དང་U17(དམའ་འབྲིང་དང་མཐོ་འབྲིང)ཚོགས་ཆུང་གི་རྐང་རྩེད་སྤོ་ལོའི་འགྲན་བསྡུར་ལྷ་སར་གཉེར་བ།
ཉེ་ཆར། བོད་རང་སྐྱོང་ལྗོངས་ལུས་རྩལ་ཅུས་དང་བོད་རང་སྐྱོང་ལྗོངས་སློབ་གསོ་ཐིང་གིས་གཙོ་གཉེར་བྱས་པའི་2025ལོའི་ཀྲུང་གོའི་གཞོན་ནུ་ལོ་ཆུང་གི་རྐང་རྩེད་སྤོ་ལོའི་རིམ་མཚུངས་འགྲན་བསྡུར་སྐབས་བཞི་པའི་བོད་ལྗོངས་འགྲན་ཁུལ་གྱི་སྐྱེས་པའི་U13དང་U17(དམའ་འབྲིང་དང་མཐོ་འབྲིང)ཚོགས་ཆུང་གི་རྐང་རྩེད་སྤོ་ལོའི་འགྲན་བསྡུར་ལྷ་ས་གྲོང་ཁྱེར་མང་ཚོགས་རིག་གནས་ལུས་རྩལ་ལྟེ་གནས་ཀྱི་རྐང་རྩེད་སྤོ་ལོའི་ཐང་དུ་གཉེར་ཞིང་། འགྲན་བསྡུར་གྱི་དུས་ཡུན་ཉིན་8ཡིན་པ་དང་། ས་ཁུལ(གྲོང་ཁྱེར)ཁག་གི་U13དང་U17ཚོགས་ཆུང་གི་འཐུས་མི་རུ་ཁག་14དང་ལུས་རྩལ་པ་300ལྷག་ཙམ་འགྲན་བསྡུར་ལ་ཞུགས་ཡོད་པ་རེད།

འདི་ནི་ཀྲུང་གོའི་གཞོན་ནུ་ལོ་ཆུང་གི་རྐང་རྩེད་སྤོ་ལོའི་རིམ་མཚུངས་འགྲན་བསྡུར་སྐབས་བཞི་པའི(བོད་ལྗོངས་འགྲན་ཁུལ)སྐྱེས་པའི་U17ཚོགས་ཆུང་གི་འགྲན་བསྡུར་ཁྲོད་ལྷ་སའི་རྐང་རྩེད་སྤོ་ལོའི་རུ་ཁག་གི་རུ་མི་ཞིག་གིས་ས་འཛུགས་སྤོ་ལོ་གཞུ་བཞིན་པ།
འབྲེལ་ཡོད་གསར་འགྱུར།