ཞི་ཅིན་ཕིང་གིས་ཀྲུང་གོ་ཞིང་ལས་སློབ་ཆེན་གྱི་དགེ་སློབ་ཡོངས་ལ་འཕྲིན་ལན་སྤྲིངས་ནས་ནན་བཤད་གནང་དོན།
སློབ་གཉེར་གྱི་སྲོལ་རྒྱུན་བཟང་པོ་དར་སྤེལ་གཏོང་བ་དང་ཞིང་ལས་སྟོབས་ཆེར་གཏོང་བ་དང་རྒྱལ་ཁབ་ལ་དྲིན་ལན་འཇལ་བའི་དམ་བཅའ་བཞག་སྟེ་ཞིང་ལས་ཤེས་པ་དང་ཞིང་ལས་ལ་དགའ་ཞེན་ཡོད་པའི་ཆེད་ལས་ཤེས་ལྡན་པ་དེ་བས་མང་བ་གསོ་སྐྱོང་ཧུར་ཐག་བྱེད་དགོས།
འཕྲིན་ལན།
ཀྲུང་གོ་ཞིང་ལས་སློབ་ཆེན་གྱི་དགེ་སློབ་ཡོངས་ལ།
ཁྱེད་རྣམ་པ་སྐུ་ཁམས་བཟང་། འཕྲིན་ཡིག་འབྱོར་བྱུང་། ཀྲུང་གོ་ཞིང་ལས་སློབ་ཆེན་བཙུགས་ནས་ལོ་ངོ་120འཁོར་བའི་མཚམས་འདིར་སློབ་གྲྭ་ཡོངས་ཀྱི་དགེ་སློབ་ལས་བཟོ་དང་རྒྱ་ཆེའི་སློབ་གྲྭ་གཅིག་པ་བ་ཚོར་རྟེན་འབྲེལ་ཞུ་རྒྱུ་ཡིན།
རྒྱང་ལམ་གསར་པར་ཁྱེད་ཚོས་སློབ་གཉེར་གྱི་སྲོལ་རྒྱུན་བཟང་པོ་དར་སྤེལ་གཏོང་བ་དང་། ཞིང་ལས་སྟོབས་ཆེར་གཏོང་བ་དང་རྒྱལ་ཁབ་ལ་དྲིན་ལན་འཇལ་བའི་དམ་བཅའ་འཇོག་པ། སློབ་གསོ་སློབ་ཁྲིད་སྒྱུར་བཅོས་ཟབ་ཏུ་གཏོང་བ། ཞིང་ལས་ཚན་རྩལ་གསར་གཏོད་དང་གྲུབ་འབྲས་གཞན་སྒྱུར་བེད་སྤྱོད་བྱེད་པར་ཤུགས་སྣོན་རྒྱག་པ། ཞིང་ལས་ཤེས་པ་དང་ཞིང་ལས་ལ་དགའ་ཞེན་ཡོད་པའི་ཆེད་ལས་ཤེས་ལྡན་པ་དེ་བས་མང་བ་གསོ་སྐྱོང་ཧུར་ཐག་བཅས་བྱས་ཏེ། ཞིང་ལས་སྟོབས་ཆེན་རྒྱལ་ཁབ་འཛུགས་སྐྲུན་དང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་གསར་པ་འབུལ་བའི་རེ་བ་ཡོད།
ཞི་ཅིན་ཕིང་།
2025ལོའི་ཟླ་10ཚེས་15ཉིན།
(ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་10ཚེས་16ཉིན་འབྱོར་བའི་གློག་འཕྲིན)
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་10ཚེས་16ཉིན་གློག་འཕྲིན་འབྱོར་གསལ། ཉེ་ཆར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ཀྲུང་གོ་ཞིང་ལས་སློབ་ཆེན་གྱི་དགེ་སློབ་ཡོངས་ལ་འཕྲིན་ལན་སྤྲིངས་ཏེ། ཀྲུང་གོ་ཞིང་ལས་སློབ་ཆེན་བཙུགས་ནས་ལོ་ངོ་120འཁོར་བའི་མཚམས་འདིར་སློབ་གྲྭ་ཡོངས་ཀྱི་དགེ་སློབ་ལས་བཟོ་དང་རྒྱ་ཆེའི་སློབ་གྲྭ་གཅིག་པ་བ་ཚོར་རྟེན་འབྲེལ་ཞུས་པ་རེད།
ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། རྒྱང་ལམ་གསར་པར་ཁྱེད་ཚོས་སློབ་གཉེར་གྱི་སྲོལ་རྒྱུན་བཟང་པོ་དར་སྤེལ་གཏོང་བ་དང་། ཞིང་ལས་སྟོབས་ཆེར་གཏོང་བ་དང་རྒྱལ་ཁབ་ལ་དྲིན་ལན་འཇལ་བའི་དམ་བཅའ་འཇོག་པ། སློབ་གསོ་སློབ་ཁྲིད་སྒྱུར་བཅོས་ཟབ་ཏུ་གཏོང་བ། ཞིང་ལས་ཚན་རྩལ་གསར་གཏོད་དང་གྲུབ་འབྲས་གཞན་སྒྱུར་བེད་སྤྱོད་བྱེད་པར་ཤུགས་སྣོན་རྒྱག་པ། ཞིང་ལས་ཤེས་པ་དང་ཞིང་ལས་ལ་དགའ་ཞེན་ཡོད་པའི་ཆེད་ལས་ཤེས་ལྡན་པ་དེ་བས་མང་བ་གསོ་སྐྱོང་ཧུར་ཐག་བཅས་བྱས་ཏེ། ཞིང་ལས་སྟོབས་ཆེན་རྒྱལ་ཁབ་འཛུགས་སྐྲུན་དང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་གསར་པ་འབུལ་བའི་རེ་བ་ཡོད། (འཕྲིན་ཡིག་གི་ནང་དོན་ཆ་ཚང་ཟུར་དུ་བཀོད་ཡོད)
ཀྲུང་གོ་ཞིང་ལས་སློབ་ཆེན་ནི་དེ་སྔ་1905ལོར་བཙུགས་པའི་ཅིང་ཧྲི་སློབ་ཆེན་ཞིང་ལས་ཚན་རིག་སློབ་ཆེན་ཡིན་པ་དང་། 1995ལོར་པེ་ཅིང་ཞིང་ལས་སློབ་ཆེན་དང་པེ་ཅིང་ཞིང་ལས་བཟོ་སྐྲུན་སློབ་ཆེན་ཟླ་སྒྲིལ་བཏང་ནས་བཙུགས་པ་ཞིག་རེད། ཉེ་ཆར། ཀྲུང་གོ་ཞིང་ལས་སློབ་ཆེན་གྱི་དགེ་སློབ་ཡོངས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ལ་འཕྲིན་ཡིག་བསྐུར་ནས་ལོ་120ཡི་རིང་གི་སློབ་གྲྭའི་འཕེལ་རྒྱས་ཀྱི་ལོ་རྒྱུས་ལམ་བུ་དང་སློབ་གཉེར་གྲུབ་འབྲས་སྙན་སེང་ཞུས་ཏེ། འཛམ་གླིང་གི་སློབ་ཆེན་རྩེ་གྲ་འཛུགས་སྐྱོང་མགྱོགས་མྱུར་བྱས་ཏེ་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་པོ་ཆེའི་ཆེད་འབད་འཐབ་ལྷོད་མེད་བྱེད་པའི་ཆོད་སེམས་མཚོན་པར་བྱས་པ་རེད།
འབྲེལ་ཡོད་གསར་འགྱུར།