སྐབས་བཅུ་པའི་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རེས་སྐོར་བརྒྱད་པའི་སྐོར་ཞིབ་ལས་དོན་གྱི་སྐུལ་སློང་བཀོད་སྒྲིག་ཚོགས་འདུ་འཚོགས་པ།
ཟླ་10ཚེས་16ཉིན། སྐབས་བཅུ་པའི་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རེས་སྐོར་བརྒྱད་པའི་སྐོར་ཞིབ་ལས་དོན་གྱི་སྐུལ་སློང་བཀོད་སྒྲིག་ཚོགས་འདུ་འཚོགས་ཤིང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་སྐོར་ཞིབ་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་ཅང་ཝུན་ཕེང་ཚོགས་འདུར་ཞུགས་ནས་གསུང་བཤད་གནང་བ་དང་། ཚོགས་འདུའི་ཐོག་སྐོར་ཞིབ་ལས་དོན་སྐོར་གྱི་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་བཀོད་སྒྲིག་བླང་བྱ་བརྒྱུད་བསྒྲགས་དང་སྐོར་ཞིབ་ཚོགས་ཆུང་གི་ཙུའུ་ཀྲང་གི་དབང་སྤྲོད་འགན་བཞེས་དང་ལས་འགན་ཁག་བགོས་ཀྱི་གཏན་འབེབས་ཁྱབ་བསྒྲགས་བྱས་པ་རེད།
ཚོགས་འདུའི་ཐོག རེས་སྐོར་འདིར་ལྗོངས་ཐད་གཏོགས་ཚན་པར་གཙོ་གནད་ཐོག་སྐོར་ཞིབ་བྱེད་རྒྱུ་ཡིན་ཞིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ལས་དོན་སྙན་སེང་གསན་སྐབས་གནང་བའི་གསུང་བཤད་གལ་ཆེན་དང་། འབྲེལ་ཡོད་ལས་རིགས་ཁྱབ་ཁོངས་སྐོར་གྱི་མཛུབ་སྟོན་དང་མཆན་འགོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལྟ་སྐུལ་གྱི་ཁ་ཕྱོགས་སུ་བརྩིས་ཏེ། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ལས་དོན་བཀོད་སྒྲིག་ལ་དམ་པོར་དམིགས་པ་དང་། སྐོར་ཞིབ་བྱ་ཡུལ་ཚན་པའི་འགན་ནུས་དང་འགན་འཁྲིར་དམ་པོར་དམིགས་པ། ཆབ་སྲིད་ཀྱི་ནོར་འཛོལ་འཚོལ་ཞིབ་ཧུར་ཐག་བྱེད་པ། སྐོར་ཞིབ་བྱ་ཡུལ་ཏང་རྩ་འཛུགས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ཏན་ཏིག་བྱེད་པར་སྐུལ་འདེད་བཏང་ནས་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཇི་མ་ཇི་བཞིན་དོན་འཁྱོལ་བྱེད་དགོས། ལྟ་སྐུལ་གྱི་སྲིད་དོན་ལས་རྗེས་ལྟ་བ་ཡང་དག་པ་འཛུགས་པ་དང་། འགན་འཁྲིའི་མཐའ་ཚད་ནན་པོ་སྲུང་བ། དྲི་བ་གཅིག་ལ་ལན་མཉམ་དུ་འདེབས་རྒྱུ་མཐའ་འཁྱོངས་བྱེད་པ། སྒྲིག་སྲོལ་དང་། སྒྲིག་ལམ། བཅའ་ཁྲིམས་བཅས་ལྟར་ལྟ་སྐུལ་བྱས་ཏེ། སྐོར་ཞིབ་གྲུབ་འབྲས་ཀྱིས་ལོ་རྒྱུས་དང་ལག་ལེན་གྱི་ཞིབ་བཤེར་ཐེག་ཐུབ་པའི་འགན་ལེན་བྱེད་དགོས། སྒྲིག་ཁྲིམས་དང་སྤྱོད་ཚུལ་དམ་དུ་བཏང་སྟེ། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་ནན་པོ་དང་ལས་བྱེད་པར་ལྟ་སྐུལ་དོ་དམ་ནན་པོ་བྱས་ནས་ཉམས་སད་ཐེག་ཐུབ་པའི་སྤྱོད་ཚུལ་ལ་བརྟེན་ནས་རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་སྤྲད་པའི་འགན་འཁྲི་དང་ལས་འགན་ལེགས་སྒྲུབ་ཡག་པོ་བྱེད་དགོས་པའི་ནན་བཤད་བྱས་པ་རེད།
འབྲེལ་ཡོད་གསར་འགྱུར།