དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • “ཀྲུང་གོ་གསར་པ་དབུ་བརྙེས་ཚུན་གྱི་བོད་ཀྱི་མཛེས་རྩལ་ཚད་ལྡན་ཡིག་ཆའི་འགྲེམས་སྟོན”བོད་ལྗོངས་མཛེས་རྩལ་བཤམས་མཛོད་ཁང་དུ་གཉེར་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-10-18

    ཚེས་14ཉིན། བོད་རང་སྐྱོང་ལྗོངས་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱིས་གཙོ་གཉེར་བྱས་པ་དང་བོད་ལྗོངས་མཛེས་རྩལ་བཤམས་མཛོད་ཁང་གིས་གཉེར་འགན་ཁུར་བའི“ཀྲུང་གོ་གསར་པ་དབུ་བརྙེས་ཚུན་གྱི་བོད་ཀྱི་མཛེས་རྩལ་ཚད་ལྡན་ཡིག་ཆའི་འགྲེམས་སྟོན”བོད་ལྗོངས་མཛེས་རྩལ་བཤམས་མཛོད་ཁང་དུ་གཉེར་འགོ་ཚུགས་པ་རེད། ད་ཐེངས་ཀྱི་འགྲེམས་སྟོན་ནི་1949ལོར་ཀྲུང་གོ་གསར་པ་དབུ་བརྙེས་པའི་དུས་ཚོད་ནས་བརྩིས་ཏེ་བོད་ཀྱི་མཛེས་རྩལ་འཕེལ་རྒྱས་བརྒྱུད་རིམ་གྱི་དུས་མཚམས་གལ་ཆེན་ལ་དམིགས་པ་དང་། བརྒྱུད་རིམ་ལྡན་པའི་གསེད་བཀྲོལ་དང་འགྲེམས་སྟོན་ཞིབ་ཚགས་བརྒྱུད་བོད་ཀྱི་མཛེས་རྩལ་འཕེལ་རྒྱས་དང་འཕོ་འགྱུར་གྱི་རྗེས་ཤུལ་གཏིང་ཟབ་མངོན་པར་བྱས་ཡོད། ཤེས་རྟོགས་བྱུང་བར་གཞིགས་ན། འགྲེམས་སྟོན་དེ་2025ལོའི་ཟླ་11ཚེས་30ཉིན་བར་གཉེར་རྒྱུ་རེད།

    “ད་ཐེངས་ཀྱི་ཚད་ལྡན་ཡིག་ཆའི་འགྲེམས་སྟོན་ནི་བོད་ལྗོངས་མཛེས་རྩལ་བཤམས་མཛོད་ཁང་གིས་ཚད་ལྡན་ཡིག་ཆ་གསེད་བཀྲོལ་རྨང་གཞིར་བྱས་ཏེ། རིག་གཞུང་བགྲོ་གླེང་གཏིང་ཟབ་བྱས་པ་དང་འབྲེལ་མཛེས་རྩལ་གྱི་ལོ་རྒྱུས་བཏོད་པའི་ཚོད་ལྟ་ཞིག་རེད” བོད་ལྗོངས་མཛེས་རྩལ་བཤམས་མཛོད་ཁང་གི་ཀོན་ཀྲང་ལྷག་པ་ཚེ་རིང་གིས“དུས་ཡུན་རིང་པོའི་ནང་། བོད་ཀྱི་མཛེས་རྩལ་གྱིས་ཐོག་མཐའ་བར་གསུམ་དུ་ཚོན་སྣ་སྨྱུ་གུ་དང་དུས་རབས་ཤོག་བུར་བྱས་ཏེ། གངས་ལྗོངས་ས་མཐོའི་ཉམས་རྒུད་ནས་དར་རྒྱས་བར་གྱི་སྤྱི་ཚོགས་འཕོ་འགྱུར་གྱི་བརྒྱུད་རིམ་མཚོན་པར་བྱས་པ་མ་ཟད། ས་མཐོའི་བུ་ཕྲུག་དང་མེས་རྒྱལ་གོམ་སྟབས་གཅིག་གྱུར་གྱི་བསམ་པའི་ཉམས་འགྱུར་ཡང་བརྐོས་ཡོད”ཅེས་བཤད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།