ནང་སར་སྨན་བཅོས་བྱེད་པར་འགྲོ་མཁན་ཚོ་དང་ཐད་ཀར་འབྲེལ་བ་འདུག
ལྷ་ས་གྲོང་ཁྱེར་གྱི་12345སྲིད་དོན་ཞབས་ཞུའི་དམངས་ཕན་ཐད་སྦྲེལ་ཁ་པར་གྱི་སྤྱི་བསྒྲགས།
ལྷ་ས་གྲོང་ཁྱེར་གྱི་འགན་བཅོལ་ནང་ཞུགས་མཁན་གྱིས་ཡུལ་གཞན་དུ་སྨན་བཅོས་བྱེད་པར་འགྲོ་བའི་ཐོ་འགོད་སྐབས་ཐོན་པའི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཀྱི་གནད་དོན་ཐག་གཅོད་ཏན་ཏིག་བྱ་ཆེད། ལྷ་ས་གྲོང་ཁྱེར་སྲིད་འཛིན་ཞིབ་མཆན་དང་དམངས་ཕན་ཞབས་ཞུ་ཅུས་ཀྱིས་གྲོང་ཁྱེར་སྨན་བཅོས་འགན་སྲུང་ཅུས་དང་མཉམ་དུ་12345ཐད་སྦྲེལ་ཁ་པར་ལས་སྟེགས་སུ་སྨན་བཅོས་འགན་བཅོལ་ནང་ཞུགས་མཁན་གྱི་ཆ་འཕྲིན་འདྲི་རྩད་དང་དེ་བཞིན་ཡུལ་གཞན་དུ་སྨན་བཅོས་བྱེད་པར་འགྲོ་སྐབས་ཐོ་འགོད་པའི་ཞབས་ཞུ་ཤར་གཏོང་བྱས་ཡོད། ད་ལྟ་འབྲེལ་ཡོད་དོན་ཚན་སྤྱི་བསྒྲགས་བྱ་རྒྱུ་གཤམ་གསལ།
གཅིག ཞབས་ཞུའི་ཁྱབ་ཁོངས་དང་ནང་དོན།
2025ལོའི་ཟླ་10ཚེས་15ཉིན་ནས་བཟུང་། ལྷ་ས་གྲོང་ཁྱེར་གྱི་སྨན་བཅོས་འགན་བཅོལ་ནང་ཞུགས་མཁན་གྱིས་ཆ་འཕྲིན་འདྲི་རྩད་དང་དེ་བཞིན་ཡུལ་གཞན་དུ་སྨན་བཅོས་བྱེད་པར་འགྲོ་བའི་ཐོ་འགོད་པའི་འགྲོ་ལུགས་གཉེར་དགོས་ཚེ། 12345སྲིད་དོན་ཞབས་ཞུའི་དམངས་ཕན་ཐད་སྦྲེལ་ཁ་པར་རྒྱག་ཆོག་པ་དང་། ལས་དོན་མི་སྣས“ཞུ་འབྱོར་འཕྲལ་སྒྲུབ”ཀྱི་རྩ་དོན་བརྩི་སྲུང་ཞུས་ཏེ། ལྷ་ས་གྲོང་ཁྱེར་གྱི་འགན་བཅོལ་ནང་ཞུགས་པའི་མང་ཚོགས་ལ་སྟབས་བདེ་བསྐྲུན་ནས། ཁོང་ཚོའི་དགོས་མཁོ་ནུས་ལྡན་སྐོང་བ་དང་དུས་ཐོག་ཏུ་སྒྲུབ་ཐུབ་པའི་འགན་ལེན་བྱ་རྒྱུ་ཡིན།
གཉིས། ཞབས་ཞུ་འགན་ལེན་དང་ཁས་ལེན།
12345ཐད་སྦྲེལ་ཁ་པར་ལས་སྟེགས་ཀྱིས་ཉིན་མཚན་དབྱེར་མེད་ངང་མི་ཐབས་ཀྱི་ལམ་ནས་ཞབས་འདེགས་ཞུས་ཏེ། ལྷ་ས་གྲོང་ཁྱེར་གྱི་སྨན་བཅོས་འགན་བཅོལ་ནང་ཞུགས་མཁན་ལ་དུས་ཐོག་དང་། སྟབས་བདེ། སེམས་རྩ་འཁོལ་བ་བཅས་ཀྱི་སྲིད་དོན་ཞབས་ཞུ་མཁོ་འདོན་བྱ་རྒྱུ་ཡིན།
ཆེད་དུ་སྤྱི་བསྒྲགས་འདི་སྤེལ།
ལྷ་ས་གྲོང་ཁྱེར་སྲིད་འཛིན་ཞིབ་མཆན་དང་དམངས་ཕན་ཞབས་ཞུ་ཅུས་དང་ལྷ་ས་གྲོང་ཁྱེར་སྨན་བཅོས་འགན་སྲུང་ཅུས་ནས།
2025ལོའི་ཟླ་10ཚེས་15ཉིན།
འབྲེལ་ཡོད་གསར་འགྱུར།