དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • དུས་ཚིགས་དང་པོ་ནས་གསུམ་པའི་བར་འབྲི་ཆུའི་ཆུ་ལམ་ཨ་མའི་རྒྱུད་ཀྱི་གྲུ་ཁར་དངོས་ཟོག་འདོན་འཇུག་བྱེད་ཚད་སྔོན་དཔག་བྱས་ན་ཏུན་དུང་ཕྱུར་30ལྷག་ཙམ་ཟིན་རྒྱུ་ཡིན་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2025-10-17

    ཟླ་10ཚེས་14ཉིན། འགྲིམ་འགྲུལ་སྐྱེལ་འདྲེན་པུས་གཉེར་བའི“ང་ཡི་ཁྱིམ་གཞིས་འབྲི་ཆུའི་ངོགས་སུ་ཡོད”ཅེས་པའི་བརྗོད་དོན་གཙོ་བོའི་དྲིལ་བསྒྲགས་བྱེད་སྒོའི་ཐོག་ནས་གསར་འགོད་པར་ཤེས་རྟོགས་བྱུང་གསལ། འདི་ལོའི་དུས་ཚིགས་དང་པོ་ནས་གསུམ་པའི་བར། འབྲི་ཆུའི་ཆུ་ལམ་ཨ་མའི་རྒྱུད་ཀྱི་གྲུ་ཁར་དངོས་ཟོག་འདོན་འཇུག་བྱེད་ཚད་སྔོན་དཔག་བྱས་ན་ཏུན་དུང་ཕྱུར་30.6ཟིན་ནས་དུས་མཚུངས་ལས་4.9%འཕར་རྒྱུ་དང་། མཚོ་ཐོག་སྐྱེལ་འདྲེན་ཐོན་སྐྱེད་བརྟན་པོར་འཕར་བའི་རྣམ་པ་མངོན་རྒྱུ་རེད།

    འཕྲུལ་ཆས་སྒྲིག་ཆས་དང་། ངར་ལྕགས། ཚོང་ཟོག་རླངས་འཁོར་སོགས་ཕྱིར་གཏོང་དུས་བབ་ལེགས་སུ་ཕྱིན་རྐྱེན་དོས་སྒམ་སྐྱེལ་འདྲེན་བྱེད་ཚད་རྒྱུན་མཐུད་འཕར་བའི་རྣམ་པ་བཟང་པོ་རྒྱུན་འཁྱོངས་ཐུབ་ཡོད། དུས་ཚིགས་དང་པོ་ནས་གསུམ་པའི་བར། འབྲི་ཆུའི་ཆུ་ལམ་ཨ་མའི་རྒྱུད་ཀྱི་གྲུ་ཁར་དོས་སྒམ་འདོན་འཇུག་བྱེད་ཚད་སྔོན་དཔག་བྱས་ན་ཚད་ལྡན་དོས་སྒམ་ཁྲི་2000ལྷག་ཙམ་ཟིན་ནས་དུས་མཚུངས་དང་བསྡུར་ན་མངོན་གསལ་དོད་པོས་འཕར་རྒྱུ་ཡིན་པ་རེད།

    ས་ཁོངས་མཚོ་དོན་ཅུས་ཀྱིས་མཐུན་སྦྱོར་དང་ཟོག་འགྲུལ་རྣམ་པ་གསར་གཏོད་བྱས་ནས་མཚོ་ཐོག་སྐྱེལ་འདྲེན་འཕར་བར་སྒུལ་ཤུགས་གསར་པ་བསྣན་ཡོད། འདི་ལོའི་ཟླ་9ཚེས་5ཉིན། འབྲི་ཆུའི་མཚོ་དོན་སྡེ་ཚན་དང་ཧྲང་ཧའེ་མཚོ་དོན་སྡེ་ཚན་གྱིས་ཅང་ཤིས་ཅིའུ་ཅང་དུ་མཉམ་ལས་གྲོས་མཐུན་བཞག་པའི་ནང་དུ། ནུས་རྒྱུ་གསར་པའི་རླངས་འཁོར་དང་། ལིས་གློག་རྫས། འོད་ཤུགས་ཐོན་རྫས་སོགས་དངོས་ཟོག་དོས་སྒམ་བརྒྱུད་ནས་ཕྱིར་གཏོང་བྱེད་སྐབས་ཐོན་སའི་གྲུ་ཁར་རེ་ཞུ་བྱེད་ཆོག་པ་དང་། རེ་ཞུ་བྱས་རྗེས་དོས་སྒམ་གྲུ་ཁར་ཉར་བའི་དུས་ཡུན་35%ཐུང་དུ་གཏོང་རྒྱུའི་གྲོས་ཐག་བཅད་ཡོད་པ་རེད། དེ་ལྟར་བྱས་ཚེ་ལོ་རེར་ཁེ་ལས་ཀྱི་སྐྱེལ་འདྲེན་མ་གནས་སྒོར་དུང་ཕྱུར་ལྷག་ཙམ་དམའ་རུ་གཏོང་ཐུབ་ཀྱི་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།