དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ནུས་རྒྱུ་བསྲི་ཚགས་དང་ཐཱན་ཉུང་གཏོང་གི་ཀྲུང་དབྱང་སྔོན་རྩིས་ནང་གི་མ་འཇོག་ཆེད་དོན་དོ་དམ་བྱེད་ཐབས་བཀྲམ་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2025-10-17

    ཉིན་ཤས་གོང་། རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་གྱིས《ནུས་རྒྱུ་བསྲི་ཚགས་དང་ཐཱན་ཉུང་གཏོང་གི་ཀྲུང་དབྱང་སྔོན་རྩིས་ནང་གི་མ་འཇོག་ཆེད་དོན་དོ་དམ་བྱེད་ཐབས》བཀྲམ་ཞིང་། བྱེད་ཐབས་ནང་རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་གྱིས་རྣམ་གྲངས་ཁག་གི་ངོ་བོ་དང་ཁྱད་ཆོས་དང་། གནས་སའི་ཁུལ་ཁོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཆུ་ཚད། ས་ཁུལ་གྱི་ནུས་རྒྱུ་བསྲི་ཚགས་དང་ཐཱན་ཉུང་གཏོང་གི་དམིགས་ཚད་ལེགས་སྒྲུབ་བྱས་ཚུལ་སོགས་གཞིར་བཟུང་སྟེ། ས་གནས་ཁག་གི་ནུས་རྒྱུ་བསྲི་ཚགས་དང་ཐཱན་ཉུང་གཏོང་གི་རྣམ་གྲངས་འཛུགས་སྐྲུན་ལ་སྤྱི་འདོམས་རྒྱབ་སྐྱོར་བྱེད་པ་དང་ཐཱན་ཚད་མཐོ་ཤོས་དང་ཐཱན་ཚད་སྙོམ་སྦྱོར་དང་། ནུས་རྒྱུ་བསྲི་ཚགས། འཁོར་སྐྱོད་དཔལ་འབྱོར་འཕེལ་རྒྱས་གཏོང་བའི་ལས་དོན་མངོན་གསལ་དོད་པའི་ས་ཁུལ་དང་དེ་བཞིན་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་ཚོད་ལྟའི་ཁུལ་སོགས་ལ་འོས་འཚམ་གྱིས་ཕྱོགས་དགོས་ལུགས་བཏོན་ཡོད།

    བྱེད་ཐབས་ནང་ཆེད་དོན་རྣམ་གྲངས་འདིའི་རྒྱབ་སྐྱོར་བྱེད་ཁོངས་སུ་གཙོ་གནད་ལས་རིགས་ཁྱབ་ཁོངས་ཀྱི་ནུས་རྒྱུ་བསྲི་ཚགས་རྣམ་གྲངས་དང་། རྡོ་སོལ་འཛད་སྤྱོད་གཙང་མའི་ཚབ་བྱེད་རྣམ་གྲངས། འཁོར་སྐྱོད་དཔལ་འབྱོར་གྱིས་ཐཱན་ཉུང་གཏོང་ལ་རམ་འདེགས་བྱེད་པའི་རྣམ་གྲངས། ཐཱན་ཉུང་དང་། ཐཱན་མེད། ཐཱན་སེལ་བཅས་ཀྱི་དཔེ་སྟོན་རྣམ་གྲངས། ཐཱན་ཚད་མཐོ་ཤོས་དང་ཐཱན་ཚད་སྙོམ་སྦྱོར་གྱི་རྨང་གཞིའི་ནུས་པ་འཛུགས་སྐྱོང་རྣམ་གྲངས་སོགས་ཚུད་ཡོད་པ་བཏོན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།