དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • 2025ལོའི་འཛམ་གླིང་ཞིང་ལས་ཚན་རྩལ་གསར་གཏོད་ཚོགས་ཆེན་པེ་ཅིང་དུ་འགོ་ཚུགས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2025-10-17

    ཚེས་13ཉིན་2025ལོའི་འཛམ་གླིང་ཞིང་ལས་ཚན་རྩལ་གསར་གཏོད་ཚོགས་ཆེན་པེ་ཅིང་གྲོང་ཁྱེར་ཕིང་ཀུའུ་ཆུས་སུ་འགོ་ཚུགས་པ་རེད། ཚོགས་ཆེན་ཐོག“ཟས་རིགས་ཆེན་པོའི་ལྟ་བ་ལག་ལེན་བསྟར་ནས་བཟའ་བཅའི་མཉེན་གཤིས་མཁོ་སྤྲོད་མ་ལག་མཉམ་སྐྲུན”ཞེས་པ་བརྗོད་དོན་གཙོ་བོར་བྱས་ཤིང་། དེ་ནི་ཀྲུང་གོ་ཞིང་ལས་སློབ་ཆེན་དང་། ཀྲུང་གོ་ཞིང་ལས་ཚན་རིག་ཁང་། པེ་ཅིང་གྲོང་ཁྱེར་ཞིང་ལས་དང་གྲོང་གསེབ་ཅུས། པེ་ཅིང་གྲོང་ཁྱེར་ཕིང་ཀུའུ་ཆུས་མི་དམངས་སྲིད་གཞུང་། རྒྱལ་སྤྱིའི་ཞིང་ལས་ཞིབ་འཇུག་གྲོས་མོལ་རྩ་འཛུགས་བཅས་ཀྱིས་མཉམ་དུ་གཙོ་གཉེར་བྱས་པ་ཞིག་རེད། རྒྱལ་ཁབ་དང་ས་ཁུལ་90ལྷག་ཙམ་ནས་ཡོང་བའི་ཞིང་ལས་དང་འབྲེལ་བ་ཡོད་པའི་ཁྱབ་ཁོངས་ཀྱི་ཚན་རིག་མཁས་ཅན་དང་། མཐོ་སློབ་ཀྱི་སློབ་སྤྱི། སློབ་གསོ་མཁས་ཅན། ཁེ་ལས་མཁས་ཅན། ཕུལ་བྱུང་གི་ན་གཞོན་འཐུས་མི་བཅས་ཚོགས་འདུར་ཞུགས་ནས་ཞིང་ལས་ཚན་རྩལ་འཕེལ་ཕྱོགས་སྐོར་མཉམ་དུ་གླེང་བ་དང་ཞིང་ལས་དང་བཟའ་བཅའི་ལས་རིགས་ཀྱི་འགྲན་སློང་དང་འཕེལ་རྒྱས་ཀྱི་ཐབས་ལམ་མཉམ་དུ་འཚོལ་ཞིབ་བྱས་ནས། གོ་ལ་ཧྲིལ་པོའི་བློ་གྲོས་གཅིག་སྡུད་བྱ་རྒྱུར་རམ་འདེགས་དང་མཉེན་གཤིས་ཞིང་ལས་དང་བཟའ་བཅའི་ལས་རིགས་ཀྱི་འབྱུང་འགྱུར་མཉམ་དུ་གཏོད་རྒྱུ་རེད།

    ད་ཐེངས་ཀྱི་ཚོགས་ཆེན་ཟླ་10ཚེས་15ཉིན་བར་འཚོག་རྒྱུ་ཡིན་ཞིང་། དེའི་རིང་ལྷོ་ལྷོ་མཉམ་ལས་དང་། ཚན་རྩལ་གྱིས་བུད་མེད་ལ་མཐུན་རྐྱེན་སྦྱོར་བ། སྒྲིག་བཀོད་ཞིང་ལས། དབུལ་ཕོངས་དང་བཀྲེས་ལྟོགས་སེལ་བ། ཞིང་ལས་འགན་བཅོལ། རྒྱུན་མཐུད་ཆོག་པའི་དངུལ་རྩ། ཚོད་འཛིན་ཐུབ་པའི་ཞིང་ལས། རིག་ལྡན་གསོ་སྤེལ། འབྲུ་རིགས་ཀྱི་གྱོང་གུན་ཆུང་དུ་གཏོང་བ། ལྟོ་བགྲོད་སྲོག་ཆགས། ས་ཆའི་གཉེར་སྐྱོང་དབང་ཆ་ནང་བཤུག་གཏོང་བ་སོགས་བརྗོད་དོན་གཙོ་བོར་བྱས་ནས་ཆེད་དོན་ཚོགས་འདུ་དང་། དུས་མཉམ་ཚོགས་འདུ། དེ་བཞིན་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་ཞིང་ལས་ཚན་རྩལ་མཉམ་ལས་སོགས་རྒྱལ་སྤྱིའི་སྤེལ་རེས་བྱེད་སྒོ་ཐེངས་10ལྷག་ཙམ་གཉེར་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།