དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • པེ་ཅིང་རྒྱལ་སྤྱིའི་རོལ་དབྱངས་དུས་ཆེན་སྐབས་ཉེར་བརྒྱད་པ་འགོ་ཚུགས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2025-10-17

    ཉིན་ཤས་གོང་། པེ་ཅིང་གྲོང་ཁྱེར་མི་དམངས་སྲིད་གཞུང་གིས་གཙོ་གཉེར་བྱས་པའི་པེ་ཅིང་རྒྱལ་སྤྱིའི་རོལ་དབྱངས་དུས་ཆེན་སྐབས་ཉེར་བརྒྱད་པ་འགོ་ཚུགས་ཤིང་། སྐབས་འདིའི་རོལ་དབྱངས་དུས་ཆེན་གྱིས“མ་འོངས་པ་དང་སྲོལ་རྒྱུན། སྐད་ཅིག་མའི་སྙན་དབྱངས”ཞེས་པ་བརྗོད་དོན་གཙོ་བོར་བྱས་ནས་ཟླ་10ཚེས་10ཉིན་ནས་ཚེས་24ཉིན་བར་པེ་ཅིང་དུ་འཚོག་རྒྱུ་རེད། དེའི་ནང་ཚན་པ་གཙོ་བོའི་འཁྲབ་སྟོན་དང་། སློབ་དཔོན་ཆེ་མོའི་ཡོངས་བསྒྲགས་སློབ་ཚན། ལོ་ཆུང་གཞོན་ནུའི་འགྲེམས་འཁྲབ། དམངས་ཡོངས་ཀྱི་མཉམ་སྒྲོག་ཟླ་བ་དང་དེ་བཞིན་རིག་གནས་དང་། ཚོང་ལས། ཡུལ་སྐོར། ལུས་རྩལ་བཅས་མཉམ་འདྲེས་སོགས་ཀྱི་རིགས་ཆེན་པོ་ལྔ་ཚུད་ཡོད་ལ། རྒྱལ་ཁབ་དང་ས་ཁུལ་26ནས་ཡོང་བའི་སྒྱུ་རྩལ་པ་700ཙམ་དང་སྐད་གྲགས་ཆེ་བའི་རོལ་དབྱངས་ཚོགས་པ་8མཉམ་དུ་འཛོམས་ནས་ལྟད་མོ་ཆེ་བའི་འཁྲབ་སྟོན་ཐེངས་11བྱེད་རྒྱུ་ཡིན་པ་དང་ལེ་ཚན་མང་པོ་ཞིག་འཁྲབ་ཐེངས་དང་པོ་ཡིན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།