དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • བོད་ཀྱི་ཞིང་འབྲོག་པའི་ལན་ཆིའུ་སྤོ་ལོ་རུ་ཁག་རྒྱལ་ཡོངས་ཀྱི“གྲོང་ཚོ་BA”འགྲན་བསྡུར་ལ་ཐེངས་དང་པོར་ཞུགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-10-17

    ཉིན་ཤས་གོང་། ས་གཞིར་གཏམ་བཟང་ཁྱབ། 2025ལོའི་རྒྱལ་ཡོངས་ཀྱི་མཛེས་མཐུན་གྲོང་གསེབ་ཀྱི་ལན་ཆིའུ་སྤོ་ལོའི་འགྲན་བསྡུར་ཆེན་པོའི(གྲོང་ཚོ་BA)དབུས་རྒྱུད་འགྲན་ཁུལ་ཧུའུ་པེ་ཞིང་ཆེན་ཞན་ཧྥུང་རྫོང་ཀའོ་ལེ་ཧྲན་གྲོང་རྡལ་ཞའོ་མོ་གྲོང་ཚོར་ཚ་ཚ་འུར་འུར་ངང་སྤེལ་ཞིང་། རྒྱལ་ཡོངས་ཀྱི་ཞིང་ཆེན་11ནས་ཡོང་བའི་ཞིང་པའི་སྤོ་ལོའི་རུ་ཁག་20འགྲན་བསྡུར་ལ་ཞུགས་པ་དང་། རང་ལྗོངས་ཀྱི་འགྲན་ཞུགས་རུ་ཁག་ལྷོ་ཁ་གྲོང་ཁྱེར་གོང་དཀར་རྫོང་ཙང་ཡོན་འཐུས་མི་ཚོགས་པའི་རུ་ཁག་རྒྱལ་ཡོངས་རང་བཞིན་གྱི“གྲོང་ཚོ་BA”འགྲན་བསྡུར་ལ་ཞུགས་ཐེངས་དང་པོ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། ཙང་ཡོན་རུ་ཁག་ནི་ཞིང་འབྲོག་པ་དང་ལས་གཏོད་པ་སོགས་ལས་གྲུབ་པ་དང་རུ་མིའི་ཆ་སྙོམས་ལོ་ཚད་ལོ་28ཡིན་པ་རེད། འགྲན་བསྡུར་དཀྱུས་མ་ནས་བརྒྱུད་རིམ་ལྡན་པའི་སྦྱོང་བརྡར་བར་དང་། “ས་མཐོའི་སྤོ་ལོའི་འགྲན་བསྡུར་དཀྱུས་མ”ནས་རྒྱལ་ཡོངས་རང་བཞིན་གྱི་འགྲན་ར་བར། ཁོང་ཚོའི་འཚར་ལོངས་ཀྱི་བརྒྱུད་རིམ་ལས་བོད་ཀྱི་ཞིང་འབྲོག་མང་ཚོགས་ཀྱིས་སྤུས་ཚད་དེ་བས་མཐོ་བའི་བསམ་པའི་རིག་གནས་འཚོ་བར་དོན་གཉེར་བྱེད་པ་མཚོན་གྱི་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།