དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ས་ཕྱོགས་གང་སར་དུས་ཆེན་རྣམ་པ་ཟབ། དགའ་འཛོམས་སྤྲོ་སྣང་མཉམ་དུ་ལོངས་སུ་སྤྱོད།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2025-10-17

    ཟླ་བ་བཅུ་པར་རྒྱལ་སྟོན་དང་ཟླ་མཆོད་དུས་ཆེན་དུས་གཅིག་ཏུ་འཁེལ་བས། ཕྱི་རྒྱལ་བ་མང་པོ་ཞིག་གིས་ཀྲུང་ཧྭའི་ས་གཞི་ཆེན་པོར་དུས་ཆེན་གྱི་འཁྲུག་ཆ་དོད་པའི་རྣམ་པ་མྱོང་ཚོར་དང་ཀྲུང་གོའི་ཡུལ་སྲོལ་གོམས་གཤིས་ལ་མྱོང་རོལ་བྱས་པ་རེད། དེ་དང་དུས་མཚུངས། ཕྱི་རྒྱལ་དུ་ཡང་སྣ་མང་ཕུན་སུམ་ཚོགས་པའི་བྱེད་སྒོ་སྤེལ་བས་དགའ་འཛོམས་ཀྱི་ཁྲོད་མི་རྣམས་ཀྱི་འབྲེལ་བ་དང་བརྩེ་དུང་ཟབ་ཏུ་ཕྱིན་ཡོད་པ་རེད།

    འདི་ནི་ཀྲུང་ཧྭ་རྒྱལ་ཡོངས་ཚུར་ལོག་ཕྱིར་སྡོད་ཀྲུང་གོ་བའི་མཉམ་འབྲེལ་ལྷན་ཚོགས་སྒྱུ་རྩལ་ཚོགས་པས་ཨུ་རུ་སུའི་གྲོང་ཁྱེར་ཧྲེང་པི་ཏེ་པའོ་རུ་ཕྱིར་སྡོད་ཀྲུང་གོ་བར་འཚམས་འདྲིའི་འཁྲབ་སྟོན་བྱས་ནས། ས་གནས་དེ་གའི་ཕྱིར་སྡོད་སྤུན་ཟླར་མེས་རྒྱལ་གྱི་འཚམས་འདྲི་དང་དུས་ཆེན་གཉིས་ཀྱི་སྨོན་འདུན་ཞུ་བཞིན་པ། མོ་ཅིང་ནཱ་ཡིས་པར་བརྒྱབ (ཤིན་ཧྭ་གསར་འགྱུར་ཁང་གིས་སྤེལ)

    འདི་ནི་ཐུར་ཁེའི་གྲོང་ཁྱེར་དབྱི་སི་ཐན་པུར་དུ་ཁུང་ཙི་སློབ་གླིང་གི་སློབ་མས་དབྱི་སི་ཐན་པུར་དུ་བཅའ་སྡོད་ཀྲུང་གོའི་སྤྱི་ཁྱབ་ཁེ་སྐྱོང་ལས་ཤག་གིས་གཉེར་བའི་རྒྱལ་སྟོན་སྣེ་ལེན་ཚོགས་འདུར་ཧན་རྒྱལ་རབས་ཀྱི་གྱོན་ཆས་འགྲེམས་སྟོན་བྱེད་བཞིན་པ། ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་ལིའུ་ལེ་ཡིས་པར་བརྒྱབ།

    འདི་ནི་རྒྱལ་སྟོན་རིང་ཕྱི་རྒྱལ་གྱི་ཡུལ་སྐོར་བས་ཁྲུང་ཆིང་གྲོང་ཁྱེར་ཡུས་ཀྲུང་ཆུས་ལི་ཙི་པཱ་རུ་སྤྲོ་གསེང་ཡུལ་སྐོར་བྱེད་བཞིན་པ། ཤིན་ཧྭ་གསར་འགྱུར་ཁང་གི་་གསར་འགོད་པ་ཧོང་ཝེ་ཡིས་པར་བརྒྱབ།

    འདི་ནི་ཧའེ་ནན་སན་ཡ་ནན་ཧྲན་རིག་གནས་ཡུལ་སྐོར་ཁུལ་དུ་ཕྱི་རྒྱལ་གྱི་ཡུལ་སྐོར་བས་ལྟ་སྐོར་སྤྲོ་གསེང་བྱེད་བཞིན་པ། ཁྲེན་ཝུན་ཝུའུ་ཡིས་པར་བརྒྱབ།

    འདི་ནི་ཡུན་ནན་ཞིང་ཆེན་མོང་ཙི་གྲོང་ཁྱེར་ཧུང་ཧོ་སློབ་གླིང་གི་ཟླ་མཆོད་དུས་ཆེན་གྱི་ཇ་སྟོན་ཚོགས་འདུའི་བྱེད་སྒོར། ཀྲུང་ཕྱིའི་སློབ་གྲྭ་ཆེ་མོ་བས་རང་ཉིད་ཀྱིས་བཟོས་པའི་རླུང་གཡབ་སྟོན་བཞིན་པ། ཤུའེ་ཡིང་ཡིང་གིས་པར་བརྒྱབ།

    འདི་ནི་ཐེན་ཅིན་དགེ་འོས་སློབ་ཆེན་གྱི“ཟླ་མཆོད་དུས་སུ་རྒྱལ་ཁབ་ཕྱི་ནང་ལ་བརྩེ་སེམས་འཆང་། རིག་གནས་ཀྱི་ངོ་མཚར་མཚན་མོར་མཉམ་དུ་རོལ་བའི”བྱེད་སྒོར། ཀྲུང་གོའི་ཁྲང་ཞིའི་གྱོན་ཆས་གྱོན་པའི་ཕྱི་སྦྱོང་སློབ་མ་དང་སློབ་གྲོགས་མཉམ་དུ་པར་རྒྱག་བཞིན་པ། ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་ལི་རེན་གྱིས་པར་བརྒྱབ།

    འདི་ནི་ཧྥུའུ་ཅན་ཞིང་ཆེན་ཧྥུའུ་ཀྲོའུ་ཕྱི་སྐད་ཕྱི་ཕྱོགས་ཚོང་དོན་སློབ་གླིང་གི་ཕྱི་སྦྱོང་སློབ་མ་དང་ཀྲུང་གོའི་སློབ་མས་མཉམ་དུ་ཟླ་མཆོད་བག་ལེབ་བཟོ་བཞིན་པ། ཤེ་ཀུའེ་མིང་གིས་པར་བརྒྱབ།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།