ཤེས་ལྡན་མི་སྣ་མཉམ་དུ་འཛོམས། ཕུགས་འདུན་ས་མཐོར་མངོན་འགྱུར་བྱེད།
འདི་ནི་འོས་སྦྱོར་བྱེད་སྒོ་སྤེལ་ཡུལ་ཡིན་པ།
ཟླ་10ཚེས་15ཉིན། “ཤེས་ལྡན་མི་སྣ་མཉམ་དུ་འཛོམས། ཕུགས་འདུན་ས་མཐོར་མངོན་འགྱུར་བྱེད”ཅེས་པའི་2025ལོའི་བོད་ཀྱི་ཤེས་ལྡན་པ་དང་བློ་རིག་འདྲེན་འགུགས་འོས་སྦྱོར་བྱེད་སྒོ་ནན་ཅིང་སློབ་ཆེན་དུ་སྤེལ་བ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་འོས་སྦྱོར་བྱེད་སྒོས་རིག་གནས་ཡུལ་སྐོར་དང་། ནུས་རྒྱུ་གཙང་མ། ས་མཐོའི་ཁྱད་ལྡན་ཞིང་འབྲོག་ལས། བོད་ཀྱི་གསོ་བ་རིག་པ་སོགས་གཙོ་གནད་ཐོན་ལས་འཕེལ་རྒྱས་དང་དམངས་འཚོའི་ཁྱབ་ཁོངས་ལ་དམིགས་ནས། རིམ་པ་མཐོ་བ་དང་ཁ་ཚ་དགོས་གཏུགས་ཀྱི་ཤེས་ལྡན་པ་ནང་འདྲེན་གྱི་དགོས་མཁོ་560དང་ལག་རྩལ་མཉམ་ལས་ཀྱི་དགོས་མཁོ་88ཁྱབ་བསྒྲགས་བྱས་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།