དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • སྡེ་ཚོགས་ལྗོངས་ཨུ་ལྷན་གྱིས།

    ཏང་རྩ་འཛུགས་དང་སྡེ་ཚོགས་ལོ་ཆུང་གདོང་ལེན་རུ་ཁག་བཅས་གཞི་གཅིག་ཅན་གྱི་དཔེ་སྟོན་བྱེད་སྒོའི་སློབ་ཚན་འཚོགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-10-17

    ཚེས་13ཉིན། ཀྲུང་གོ་ལོ་ཆུང་གདོང་ལེན་རུ་ཁག་གི་རུ་ཁག་བཙུགས་ནས་ལོ་ངོ་76འཁོར་མཚམས་སུ། གུང་གཞོན་སྡེ་ཚོགས་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་དང་ལོ་ཆུང་གདོང་ལེན་རུ་ཁག་བོད་རང་སྐྱོང་ལྗོངས་ལས་དོན་ཨུ་ལྷན་གྱིས་གཙོ་གཉེར་བྱས་པའི“གཙོ་འཛིན་གྱི་བཀའ་མངགས་བློ་ལ་བརྟན་པོར་ངེས་ནས་རྒྱལ་ཁབ་སྟོབས་ཆེན་བསྐྱར་དར་ལ་ང་ཡིས་འབད”ཅེས་པའི་ཏང་རྩ་འཛུགས་དང་། སྡེ་ཚོགས། ལོ་ཆུང་གདོང་ལེན་རུ་ཁག་བཅས་གཞི་གཅིག་ཅན་གྱི་བརྗོད་དོན་གཙོ་བོའི་དཔེ་སྟོན་བྱེད་སྒོའི་སློབ་ཚན་ལྷ་ས་གྲོང་ཁྱེར་གཞོན་ནུ་ལོ་ཆུང་བྱེད་སྒོའི་ལྟེ་གནས་སུ་འཚོགས་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། བོད་ཀྱི་རིམ་ཁག་སྡེ་ཚོགས་རྩ་འཛུགས་དང་ལོ་ཆུང་གདོང་ལེན་རུ་ཁག་ལས་དོན་ཨུ་ལྷན་གྱིས་ཏང་རྩ་འཛུགས་དང་། སྡེ་ཚོགས། ལོ་ཆུང་གདོང་ལེན་རུ་ཁག་བཅས་གཞི་གཅིག་ཅན་གྱི་མི་སྐྱོང་སྦྲེལ་མཐུད་རྒྱུན་མཐུད་ཟབ་ཏུ་གཏོང་བ་དང་། མི་རིགས་ཁག་གི་གཞོན་ནུ་ལོ་ཆུང་གིས་རྒྱལ་གཅེས་བརྩེ་སེམས་དང་། རྒྱལ་ཁབ་སྟོབས་ཆེན་གྱི་འདུན་པ། རྒྱལ་ཁབ་ལ་དྲིན་འཇལ་གྱི་བྱ་སྤྱོད་བཅས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་གསར་འཛུགས་སྐྲུན་གྱི་ཚ་ཚ་འུར་འུར་གྱི་ལག་ལེན་ནང་མཉམ་འདྲེས་བྱས་ཏེ་རྒྱལ་ཁབ་སྟོབས་ཆེན་འཛུཌ་སྐྲུན་དང་མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་པོ་ཆེར་ལང་ཚོའི་སྟོབས་ཤུགས་ཆེན་པོ་གཅིག་ཏུ་བསྒྲིལ་བར་ཁྲིད་སྟོན་བྱ་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།