བོད་ལྗོངས་ལྷོ་ཁ་ཟ་རྭ་ལམ་གྱི་གཙང་སྒྲོལ་ཟམ་ཆེན་གྱི་གདུང་མ་བཀལ་བ།

འདི་ནི་ཨར་ལས་པས་ཟ་རྭ་ལམ་གྱི་གཙང་སྒྲོལ་ཟམ་ཆེན་སྐྲུན་ཡུལ་དུ་ལས་ཀ་བྱེད་བཞིན་པ།

འདི་ནི་ཨར་ལས་པས་ཟ་རྭ་ལམ་གྱི་གཙང་སྒྲོལ་ཟམ་ཆེན་གྱི་སྔོན་བཟོས་གདུང་མ་མཇུག་ཤོས་དེ་འགེལ་བཞིན་པ།
ཟླ་10ཚེས་13ཉིན། ལྷོ་ཁའི་འབབ་རྒྱུད་ཀྱི་ཡར་ཀླུང་གཙང་པོ་འཕྲེད་བཅད་གཏོང་བའི་བོད་ལྗོངས་ལྷོ་ཁ་ཟ་རྭ་ལམ་གྱི་གཙང་སྒྲོལ་ཟམ་ཆེན་གྱི་གདུང་མ་མཇུག་ཤོས་དེ་གནད་ལ་འཁེལ་པོས་བཀལ་བ་དང་བསྟུན་ནས་ཟམ་པ་དེའི་སྔོན་བཟོ་བྱས་པའི་གདུང་མ་88འགེལ་བའི་ལས་འགན་ཚང་མ་ལེགས་གྲུབ་བྱུང་ནས་ཕྱིས་སུ་ཨར་ལས་བདེ་བླག་ངང་ལེགས་གྲུབ་བྱེད་པར་རྨང་གཞི་བརྟན་པོ་བཏིང་ཡོད། ཟ་རྭ་ལམ་གྱི་གཙང་སྒྲོལ་ཟམ་ཆེན་གྱི་སྤྱིའི་རིང་ཚད་ལ་སྨི་1457ཡོད་པ་དང་བསྐྲུན་ཟིན་རྗེས་ཡར་ཀླུང་གཙང་པོའི་ངོགས་གཉིས་འབྲེལ་མཐུད་བྱེད་པའི་འགྲིམ་འགྲུལ་ལྟེ་གནས་གལ་ཆེན་ཞིག་ཏུ་འགྱུར་རྒྱུ་རེད།
འབྲེལ་ཡོད་གསར་འགྱུར།