དབུ་ཤོག>གསར་འགྱུར།>གསར་འགྱུར་དཔྱད་གཏམ།
  • ཡིད་དབང་འཕྲོག་པའི་བརྙན་པར་ལ་བརྟེན་ནས་ཏང་གི་བོད་སྐྱོང་མཛད་ཇུས་མཚོན་པ།

    —— སྲིད་དོན་དཔྱད་གཏམ་གློག་བརྙན《འོད་སྟོང་འཕྲོ་བའི་ལོ་ངོ་དྲུག་ཅུ། ས་མཐོའི་སྙན་ངག་གི་ལེའུ》ཞེས་པར་དཔྱད་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  ཀུའུ་ཡ་ཆི། ཀྲའོ་མོང་ཏི།   |     སྤེལ་དུས།  2025-10-16

    འདི་ནི་སྲིད་དོན་དཔྱད་གཏམ་གློག་བརྙན《འོད་སྟོང་འཕྲོ་བའི་ལོ་ངོ་དྲུག་ཅུ། ས་མཐོའི་སྙན་ངག་གི་ལེའུ》ཡི་རྒྱ་ཁྱབ་བརྡ་སྦྱོར་ཡིན་པ།

    2025ལོ་ནི་བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60འཁོར་བའི་ལོ་ཡིན་ཞིང་། ལོ་རྒྱུས་ཀྱི་དུས་སྐབས་གལ་ཆེན་འདིར་ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་ཀྱིས་སྲིད་དོན་དཔྱད་གཏམ་གློག་བརྙན《འོད་སྟོང་འཕྲོ་བའི་ལོ་ངོ་དྲུག་ཅུ། ས་མཐོའི་སྙན་ངག་གི་ལེའུ》ཞེས་པ་བཏོན་ནས་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཀྱི་ལག་ལེན་རླབས་པོ་ཆེ་གང་ལེགས་མངོན་པ་དང་། ཕྱོགས་ཡོངས་དང་། ལྟ་ཕྱོགས་མང་བ། གསོན་ཉམས་ལྡན་པ་བཅས་ཀྱི་སྒོ་ནས་བོད་རང་སྐྱོང་ལྗོངས་ཀྱི་ལོ་ངོ་60རིང་གི་འཕེལ་རྒྱས་ཀྱི་བརྒྱུད་རིམ་དང་འོད་སྟོང་འཕྲོ་བའི་གྲུབ་འབྲས་མཚོན་ཡོད།

    བརྟན་ལྷིང་དང་། འཕེལ་རྒྱས། སྐྱེ་ཁམས། མཐའ་སྟོབས་བཅས་དོན་ཆེན་བཞིས་གློག་བརྙན་ཡོངས་ཀྱི་བརྗོད་དོན་སྙིང་པོ་གྲུབ་ཡོད་ཅིང་། བརྩམས་ཆོས་དེས་དོན་ཆེན་རེ་རེ་འཇགས་རྣམ་གྱི་གྲུབ་འབྲས་འགྲེམས་སྟོན་བྱེད་པ་ཙམ་མ་ཡིན་པར་ཕན་ཚུན་འབྲེལ་བ་དང་། ཕན་ཚུན་འདེགས་སྐྱོར། རྩོད་སྒྲུབ་གཅིག་གྱུར་བཅས་ཟུང་འབྲེལ་དམ་ཟབ་བྱས་ནས་བརྗོད་ཡོད། གློག་ཤུགས་ཅན་གྱི་ལྕགས་ལམ་དང་པོ་དངོས་སུ་ཤར་གཏོང་ཐུབ་པ་དང་། རྒྱལ་ཡོངས་ནས་ལོ་15རིང་གི་གཞུང་གྲོན་སློབ་གསོ་སྔོན་ལ་ལག་བསྟར་བྱས་པ། སྨན་བཅོས་དང་། སློབ་གསོ། ལག་རྩལ་བཅས་ཀྱི་ཤེས་ལྡན་པ་འབོར་ཆེན་བོད་དུ་བསྐྱོད་ནས་རོགས་སྐྱོར་བྱས་པ། ས་ཁུལ་འཕེལ་རྒྱས་ཀྱིས་སྤྱི་ཚོགས་བརྟན་ལྷིང་ལ་ཡུན་རིང་གི་འདེགས་སྐྱོར་བྱས་པས་བོད་ཀྱི་མི་སེར་རྣམས་ཀྱིས་རྒྱལ་ཁབ་ལ་སེམས་གཏིང་ནས་ཁས་ལེན་བྱེད་ཚད་ཆེ་རུ་ཏན་ཏིག་ཕྱིན་ཡོད། འཕེལ་རྒྱས་གཏོང་བར་ངེས་པར་དུ་སྐྱེ་ཁམས་སྔོན་ལ་འཇོག་རྒྱུ་མཐའ་འཁྱོངས་བྱེད་པ་དང་དེ་མཐའ་སྟོབས་དམིགས་ཚད་མངོན་འགྱུར་བྱེད་པ་དང་ཐད་ཀར་འབྲེལ་བ་ཡོད། གློག་བརྙན་དེས་སྐྱ་བ་འོད་གསོག་གློག་ཁང་དཔེར་བཞག་ནས་འཕེལ་རྒྱས་དང་སྐྱེ་ཁམས་ཕན་ཚུན་སྐུལ་འདེད་གཏོང་བ་དང་འཆམ་མཐུན་མཉམ་གནས་ཀྱི་ནང་གནས་གཏན་ཚིགས་གསལ་སྟོན་གཏིང་ཟབ་བྱས་ཡོད། དཔེ་མཚོན་ངོ་མ་དེ་ལས་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཇི་ལྟར་བྱས་ནས་རྩ་བ་ཚུགས་ཤིང་འབྲས་བུ་སྨིན་པར་བྱེད་པ་གསལ་བཤད་བྱས་ཡོད།

    གློག་བརྙན་འདིས“དམིགས་བསལ་ཁྲོད་ཡོངས་ཁྱབ་མཐོང་བ”མཐའ་འཁྱོངས་བྱས་པ་དང་། བོད་ཀྱི་ས་གནས་ཀྱི་ཉམས་མྱོང་ཁྲོད་ནས་རྒྱལ་ཁབ་བཅོས་སྐྱོང་མ་ལག་གི་གཏིང་ཟབ་པའི་གཏན་ཚིགས་འཚོལ་ཞིབ་བྱས་ཡོད། “ཚོགས་སྒྲིག་རྣམ་པའི”བོད་སྐྱོར་གྱིས་སྲོལ་རྒྱུན་གྱི་ཁ་གཏད་རོགས་སྐྱོར་གྱི་ཁེར་རྐྱང་རང་བཞིན་ལས་ཚད་བརྒལ་བྱས་ནས་ཞིང་ཆེན་དང་གྲོང་ཁྱེར་ཁག་གི་ལེཌ་ཆ་བསྡུ་སྒྲིལ་ནུས་ལྡན་བྱས་པ་དང་། གོ་རིམ་ལྡན་པའི་རོགས་སྐྱོར་བརྒྱུད་བོད་ལྗོངས་འདི་ཉིད་རྒྱལ་ཡོངས་ཀྱི་འཕེལ་རྒྱས་སྤྱི་ཡོངས་ནང་བཅུག་ནས་ཐོན་ཁུངས་བཀོད་སྒྲིག་ལེགས་སུ་གཏོང་བ་དང་། རང་ངོས་ཀྱི་འཕེལ་རྒྱས་ནུས་པ་ཆེ་རུ་གཏོང་བའི་དམིཌ་ཚད་གཉིས་མངོན་འགྱུར་བྱས་ཏེ། བོད་ལྗོངས་ལ་དཔལ་འབྱོར་དང་། རིག་གནས། ཤེས་ལྡན་པ་སོགས་ཕྱོགས་མང་པོའི་སྣ་འཛོམས་རང་བཞིན་གྱི་རོགས་སྐྱོར་ཐོབ་ཡོད། གློག་བརྙན་དེས་གཏམ་རྒྱུད་སྣ་ཚོགས་ལས“ཚོགས་སྒྲིག་རྣམ་པའི”བོད་སྐྱོར་གྱི་བཅོས་སྐྱོང་བློ་རིག་མངོན་པ་བྱས་ནས། ལྟད་མོ་བ་རྣམས་ལ་བོད་ཀྱི་འཕེལ་རྒྱས་ཁྲོད་ནས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་ལེགས་ཆ་ཤེས་རྟོགས་ཐུབ་པར་བྱས་ཡོད།

    《འོད་སྟོང་འཕྲོ་བའི་ལོ་ངོ་དྲུག་ཅུ། ས་མཐོའི་སྙན་ངག་གི་ལེའུ》ཞེས་པའི་ནང་ཁྱབ་ཆེན་དང་ཁྱབ་ཆུང་ཟུང་འབྲེལ་བྱས་ཏེ་གནད་དོན་ཞིབ་ཕྲ་དང་བརྩེ་དུང་ཞིབ་ཕྲ་བརྒྱུད། མི་རྣམས་ཀྱིས་བོད་ཀྱི་སྤྱི་ཚོགས་དང་རིག་གནས་ལ་རྒྱུས་ལོན་བྱེད་པར་ཕན་པ་བསྐྲུན་ཡོད། བོད་རིགས་ཕོ་གཞོན་ངག་དབང་བུ་སྤུན་གྱིས་སྤྱི་ལེ་4000ཙམ་རྐང་འཁོར་བཞོན་ནས་པེ་ཅིང་དུ་རྒྱལ་དར་བསྒྲེངས་བར་ལྟ་བར་བསྐྱོད་པ་དང་། ཆེས་བབ་ཆགས་ཀྱི་རྣམ་པ་བརྒྱུད་མི་རྣམས་ཀྱི་སེམས་སུ“རྒྱལ་ཁབ”ཅེས་པའི་ཡིག་འབྲུ་གཉིས་ཧ་ཅང་གལ་ཆེན་པོ་ཡིན་ལུགས་མཚོན་པར་བྱས་ཡོད། གཞིས་རྩེ་གྲོང་ཁྱེར་དིང་རི་རྫོང་དུ་ས་ཡོམ་བརྒྱབ་རྗེས། ས་གནས་ཁག་གི་སློབ་མས་གེགས་ཁུལ་ལ་སེམས་གསོའི་འཕྲིན་ཡིག་བསྐུར་བ་དང་། “ཕྱོགས་གཅིག་ལ་དཀའ་ངལ་འཕྲད་ན་ཕྱོགས་བཞི་མཚམས་བརྒྱད་ཀྱིས་རོགས་སྐྱོར་བྱེད”ཅེས་པའི་ཡི་གེའི་ཐོག་ནས་བྱིས་པ་ཚོའི་བརྩེ་སེམས་ཟབ་མོ་མཚོན་ཡོད། དངོས་ཡོད་དང་། ཞིབ་ཕྲ། གསོན་ཉམས་ལྡན་པ་བཅས་ཀྱི་མི་སྣ་དང་དོན་དག་རེ་རེ་ལས“མོས་སེམས་ལྔ”དེ་ལྐོག་གྱུར་གྱི་འདུ་ཤེས་ཤིག་ནས་ཞིབ་ཕྲའི་མཚོན་ཚུལ་ཞིག་ཏུ་གྱུར་བ་བྱས་ཏེ་གཙོ་རྒྱུན་གྱི་རིན་ཐང་དང་དམངས་ཚོགས་ཀྱི་བརྩེ་དུང་གཉིས་ཟུང་འབྲེལ་ཡག་པོ་ཐུབ་ཡོད།

    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། “ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བར་མཐའ་མཚམས་ས་ཁུལ་གཅིག་ཀྱང་མ་ལུས་པར་བྱེད་དགོས” 《འོད་སྟོང་འཕྲོ་བའི་ལོ་ངོ་དྲུག་ཅུ། ས་མཐོའི་སྙན་ངག་གི་ལེའུ》ཞེས་པ་ནི་བོད་རང་སྐྱོང་ལྗོངས་ཀྱི་ལོ་ངོ་60ཡི་འཕེལ་རྒྱས་བརྒྱུད་རིམ་ལ་བརྩེ་དུང་ཟབ་མོའི་སྒོ་ནས་ཕྱིར་དྲན་བྱས་པ་ཞིག་ཡིན་ལ། དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལ་གསོན་ཉམས་ལྡན་པའི་འགྲེལ་བཤད་བརྒྱབ་པ་ཞིག་དེ་བས་ཀྱང་ཡིན། དེས་གཏམ་རྒྱུད་ངོ་མ་དང་ཟིན་བྲིས་ཀྱི་བརྙན་པར་ལ་བརྟེན་ནས་ལྟད་མོ་བ་དང་མཉམ་དུ་བོད་ཀྱིས་ཏང་གི་འགོ་ཁྲིད་འོག་ཇི་ལྟར་བྱས་ནས་ཀྲུང་གོའི་ཁྱད་ཆོས་དང་བོད་ཀྱི་དམིགས་བསལ་ཁྱད་ཆོས་ལྡན་པའི་འཕེལ་རྒྱས་ཀྱི་ལམ་བུར་བདེ་བླག་ངང་བསྐྱོད་པ་བདེན་དཔང་བྱས་པ་དང་། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེའི་རྒྱང་ལམ་ཁྲོད་གངས་ལྗོངས་མུ་ཏིག་འདི་ཉིད་དེ་སྔར་བས་འོད་སྟོང་འཕྲོ་བ་ཡོང་ངེས་ཡིན་པ་མཚོན་གྱི་ཡོད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།