དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་སྙན་ཞུར་འཁོད་དོན།

    དུག་སྲིན་འགོག་སྨན་གྱི་སྨན་དྲེད་གནད་དོན་གྱིས་གོ་ལ་ཧྲིལ་པོའི་བདེ་ཐང་ལ་འཇིགས་སྐུལ་བཟོ་བ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།    |     སྤེལ་དུས།  2025-10-16

    ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་རི་ནེ་ཝ་ནས་གློག་འཕྲིན་འབྱོར་གསལ། ཚེས་13ཉིན། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས《2025ལོའི་གོ་ལ་ཧྲིལ་པོའི་དུག་སྲིན་འགོག་སྨན་གྱི་སྨན་དྲེད་ལྟ་ཞིབ་ཚད་ལེན་སྙན་ཞུ》ཁྱབ་བསྒྲགས་བྱས་པ་དང་སྦྲགས། གོ་ལ་ཧྲིལ་པོར་རྒྱུན་སྤྱོད་དུག་སྲིན་འགོག་སྨན་གྱི་སྨན་དྲེད་རང་བཞིན་གྱི་གནད་དོན་ཡོངས་ཁྱབ་ཏུ་གནས་པ་དང་གཞི་རྩའི་དུག་སྲིན་འགོག་སྨན་གྱི་སྨན་དྲེད་ཛ་དྲག་ཏུ་འགྲོ་བ་དེས་གོ་ལ་ཧྲིལ་པོའི་བདེ་ཐང་ལ་ཉིན་བཞིན་ཚབས་ཆེ་རུ་འགྲོ་བའི་འཇིགས་སྐུལ་ཕོག་བཞིན་ཡོད་ཅེས་ཐ་ཚིག་ཀྱང་བསྒྲགས་པ་རེད།

    སྙན་ཞུའི་ནང་བརྗོད་དོན། 2023ལོར་གོ་ལ་ཧྲིལ་པོའི་ཁྱབ་ཁོངས་ཀྱི་རྒྱུན་ཐོན་འགོ་ནད་ཚོད་ལྟ་ཁང་དུ་དུག་སྲིན་འགོ་ནད་གཏན་འཁེལ་བྱེད་པའི་ཁྲོད་1/6ལ་དུག་སྲིན་འགོག་སྨན་གྱི་སྨན་བཅོས་ཐད་སྨན་དྲེད་གནས་ཚུལ་ཐོན་གྱི་ཡོད། 2018ལོ་ནས་2023ལོ་བར་40%ལས་བརྒལ་བའི་ལྟ་ཞིབ་ཚད་ལེན་བྱ་ཡུལ་གྱི་ནད་ཀྱི་གཞི་རྐྱེན་དང་དུག་སྲིན་འགོག་སྨན་སྡེབ་སྒྲིག་གི་དུག་སྲིན་འགོག་སྨན་གྱི་སྨན་དྲེད་རང་བཞིན་ཇེ་མཐོར་སོང་ནས་ལོ་རེའི་ཆ་སྙོམས་འཕར་ཚད་5%ནས་15%བར་ཟིན་ཡོད།

    སྙན་ཞུའི་ནང་རྒྱལ་ཁབ་100ལྷག་ཙམ་གྱི་གྲངས་གཞི་འཚོལ་བསྡུ་བྱས་ཡོད་ཅིང་། གཅིན་ཟགས་སྡེ་ཁོངས་དང་། ཕོ་རྒྱུ། ཁྲག་རྒྱུན་བཅས་ཀྱི་འགོ་ནད་དང་དེ་བཞིན་གཅིན་སྲིའི་ནད་བཅས་སྨན་བཅོས་ལ་སྤྱོད་པའི་དུག་སྲིན་འགོག་སྨན་རིགས་22ཀྱི་སྨན་དྲེད་ཀྱི་ཚོད་དཔག་གྲངས་གཞི་ཐོག་མར་ཁྱབ་བསྒྲགས་བྱས་པ་རེད། སྙན་ཞུའི་ནང་པའོ་མན་འགུལ་མེད་དབྱུག་སྲིན་དང་ལོང་གའི་དབྱུག་སྲིན་སོགས་རྒྱུན་མཐོང་གི་ཕྲ་སྲིན་གྱི་གཞི་རྐྱེན་རིགས་8ཚུད་ཡོད་ཅིང་། ནད་ཀྱི་གཞི་རྐྱེན་རེ་རེ་གོང་གསལ་གྱི་འགོ་ནད་རིགས་གཅིག་གམ་ཡང་ན་མང་པོ་དང་འབྲེལ་བ་ཡོད་པ་རེད།

    སྙན་ཞུའི་ནང་དམིགས་བསལ་དུ་བཏོན་པར། སྨན་དྲེད་ཀྱི་ཀེ་ལན་ཧྲེ་སྲིབ་གཤིས་འབུ་ཕྲ་འཛམ་གླིང་གི་ཁྱབ་ཁོངས་སུ་སྔར་བས་ཉེན་ཁ་ཆེ་རུ་འགྲོ་བཞིན་ཡོད། ཚབས་ཆེ་བའི་ཕྲ་སྲིན་འགོས་ན་ཁྲག་རིལ་དཀར་པོའི་འབྲས་ནད་ན་བ་དང་། དབང་པོ་ཉམས་པ་དང་འཆི་བ་སོགས་ཡོང་ཉེན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།