དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཀོང་ཤིས་ཀྱིས་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་རྒྱལ་ཁབ་དང་མཉམ་དུ་གཞོན་ནུའི་མི་ཐབས་རིག་ནུས་ཁྱབ་ཁོངས་ཀྱི་དངོས་གཉེར་མཉམ་ལས་ལ་ཤུགས་སྣོན་བརྒྱབ་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2025-10-16

    གསར་འགོད་པས་གུང་གཞོན་སྡེ་ཚོགས་ཀོང་ཤིས་ལྗོངས་ཨུ་ལྷན་ནས་ཤེས་རྟོགས་བྱས་པར། ཉེ་ཆར་གུང་གཞོན་སྡེ་ཚོགས་ཀོང་ཤིས་ལྗོངས་ཨུ་ལྷན་གྱིས་ཀོང་ཤིས་ཀྲོང་རིགས་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་དྲ་འཕྲིན་གཞུང་ལས་ཁང་དང་ཀོང་ཤིས་ཀྲོང་རིགས་རང་སྐྱོང་ལྗོངས་ཚན་རྩལ་མཐུན་ཚོགས་སོགས་སྡེ་ཚན་11དང་མཉམ་འབྲེལ་བྱས་ནས《ཀོང་ཤིས་ཀྱི“མི་ཐབས་རིག་ནུས+གཞོན་ནུ་འཕེལ་རྒྱས”ཀྱི་བྱ་སྤྱོད་ཇུས་གཞི》བཀྲམ་སྟེ། ཀོང་ཤིས་ཀྱི་གཞོན་ནུ་མི་ཐབས་རིག་ནུས་ཁྱབ་ཁོངས་འཕེལ་རྒྱས་ལ་ཞུགས་ཆེད“འཚར་ལོངས་ཀྱི་སྟེགས་བུ”བསྐྲུན་པ་མ་ཟད། ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་རྒྱལ་ཁབ་དང་མཉམ་དུ་གཞོན་ནུའི་མི་ཐབས་རིག་ནུས་ཁྱབ་ཁོངས་ཀྱི་དངོས་སྒྲུབ་མཉམ་ལས་ལ་ཤུགས་སྣོན་བརྒྱབ་པ་རེད།

    “མི་ཐབས་རིག་ནུས་ནི་བྱ་གཞག་གསར་པ་ཞིག་ཡིན་ལ་གཞོན་ནུའི་བྱ་གཞག་ཅིག་ཀྱང་ཡིན” གུང་གཞོན་སྡེ་ཚོགས་ཀོང་ཤིས་ལྗོངས་ཨུ་ལྷན་གྱི་ཧྲུའུ་ཅི་སུན་ཅིན་གྱིས། གུང་གཞོན་སྡེ་ཚོགས་ཀོང་ཤིས་ལྗོངས་ཨུ་ལྷན་གྱིས་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་དུ་སྤྱོད་པའི་རྣམ་པ་རྒྱ་སྐྱེད་གཏོང་རྒྱུར་དམིགས་ནས་ཝེ་ཐེ་ནམ་གྱི་གཞོན་ནུའི“གསར་བརྗེའི་ཞིབ་སློབ་ཡུལ་སྐོར”དང་ཀྲུང་གོ་དང་ཧིན་རྡུ་ཉི་ཞི་ཡའི་གཞོན་ནུའི་ལས་དོན་གྱི་བགྲོ་གླེང་ཚོགས་འདུ་སོགས་ཀྱི་བྱེད་སྒོ་གཉེར་བ་མ་ཟད། ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་གཞོན་ནུ་ལོ་ཆུང་ལ་ཕྱོགས་ནས་ཀོང་ཤིས་ཀྱི་མི་ཐབས་རིག་ནུས་ཀྱི་གཏམ་རྒྱུད་ཡག་པོ་བཤད་དེ་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་རྒྱབ་ཁབ་དང་མཉམ་དུ་གཞོན་ནུའི་མི་ཐབས་རིག་ནུས་ཁྱབ་ཁོངས་ཀྱི་དངོས་སྒྲུབ་མཉམ་ལས་ལ་སྔར་བས་ཤུགས་སྣོན་བརྒྱབ་པའི་སྐོར་ངོ་སྤྲོད་བྱས་པ་རེད།

    སུན་ཅིན་གྱིས། ཀོང་ཤིས་ཀྱིས་གཞོན་ནུ་ལོ་ཆུང་གི་མི་ཐབས་རིག་ནུས་ཀྱི་བྱང་ཚད་མཐོར་གཏོང་གི་གསོ་སྐྱོང་ཁང་ཁག་གཅིག་གཏོད་པ་དང་། མི་ཐབས་རིག་ནུས་ཀྱི་ལང་ཚོའི་བྱས་རྗེས་སྟེགས་བུ་ཁག་གཅིག་སྐྲུན་པ། མི་ཐབས་རིག་ནུས་ཁྱབ་ཁོངས་ཀྱི་གཞོན་ནུའི་སྟོབས་ཤུགས་ཁག་གཅིག་གཅིག་སྒྲིལ། ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་ལ་ཕྱོགས་པའི་མི་ཐབས་རིག་ནུས་སྤེལ་རེས་རྣམ་གྲངས་ཁག་གཅིག་གཏོད་པ་བཅས་བྱས་པ་མ་ཟད། “ཀོང་ཤིས་ཀྱི་རིག་ནུས་འབྲེལ་མཐུད”ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་མཉམ་སྤྱོད་སོགས་འཆར་གཞི་བཞི་གཙོ་གནད་ཐོག་ལག་བསྟར་བྱེད་པའི་ཁྲོད་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་རྒྱལ་ཁབ་ཀྱི་གཞོན་ནུའི་མི་ཐབས་རིག་ནུས་ཁྱབ་ཁོངས་ཀྱི་དངོས་སྒྲུབ་མཉམ་ལས་ལ་ཤུགས་སྣོན་རྒྱག་རྒྱུ་སོགས་གཙོ་གནད་རྣམ་གྲངས་11ཚུད་ཡོད། དེ་དང་ཆབས་ཅིག་གུང་གཞོན་སྡེ་ཚོགས་ཀོང་ཤིས་ལྗོངས་ཨུ་ལྷན་གྱིས་ཀོང་ཤིས་ཀྱི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་གཞོན་ནུ་ལོ་ཆུང་ལ་ཕྱོགས་པའི་མཛའ་གྲོགས་སྤེལ་རེས་ཀྱི་ལོ་གསུམ་བྱ་སྤྱོད་ཀྱི་འཆར་གཞི་བཟོས་པ་དང་། “ཀྲུང་གོ(ཀོང་ཤིས)དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་གཞོན་ནུ་ལག་གདང་སྦྲེལ་བ”དང“ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་གཞོན་ནུ་ཀོང་ཤིས་སུ་སྐྱོད་པ”སོགས་ཀྱི་བྱེད་སྒོ་ཇུས་འགོད་བྱས་ནས་སྤེལ་ཏེ་ཕན་ཚུན་སྤེལ་རེས་ཁྲོད་ལང་ཚོའི་མཛའ་གྲོགས་རྒྱུན་ཆད་མེད་པར་ཟབ་ཏུ་བཏང་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།