《ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ》དེབ་ལྔ་པའི་དབྱིན་ཡིག་དཔར་མའི་འོས་སྦྱོར་ངོ་སྤྲོད་ཚོགས་འདུ་ཧྥ་ལན་ཁེ་ཧྥུའུ་རུ་འཚོགས་པ།
ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་ཧྥ་ལན་ཁེ་ཧྥུའུ་ནས་ཟླ་10ཚེས་14ཉིན་གློག་འཕྲིན་འབྱོར་གསལ། ཀྲུང་གོ་རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་དོན་ཁང་དང་། འཇར་མན་དུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་ཁང་། ཀྲུང་གོ་ཕྱི་རྒྱལ་སྐད་ཡིག་ཅུས། ཧྥ་ལན་ཁེ་ཧྥུའུ་རུ་བཅའ་སྡོད་ཀྲུང་གོའི་སྤྱི་ཁྱབ་ཁེ་སྐྱོང་ལས་ཤག་བཅས་ཀྱིས་མཉམ་དུ་གཙོ་གཉེར་བྱས་པའི《ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ》དེབ་ལྔ་པའི་དབྱིན་ཡིག་དཔར་མའི་འོས་སྦྱོར་ངོ་སྤྲོད་ཚོགས་འདུ་ཚེས་14ཉིན་འཇར་མན་གྱི་གྲོང་ཁྱེར་ཧྥ་ལན་ཁེ་ཧྥུའུ་རུ་གྲུབ་འབྲས་ཐོབ་པའི་ངང་འཚོགས་པ་རེད།
ཚོགས་ཞུགས་ཀྲུང་གོ་དང་ཕྱི་རྒྱལ་གྱི་སྐུ་མགྲོན་ཚོས། 《ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ》ནི་ཀྲུང་གོར་དབང་བ་ཙམ་མ་ཟད་འཛམ་གླིང་ལའང་དབང་བ་ཞིག་རེད།
《ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ》དེབ་ལྔ་པ་ནི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་གྲུབ་འབྲས་གསར་ཤོས་ཕྱོགས་ཡོངས་ནས་བརྒྱུད་རིམ་ལྡན་པའི་ངོ་སྤྲོད་བྱེད་པའི་བརྩམས་ཆོས་དབང་གྲགས་ལྡན་པ་ཞིག་ཡིན། འདིའི་ནང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གོ་མི་དམངས་ཀྱི་སྣེ་ཁྲིད་དེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་བྱ་གཞག་རླབས་པོ་ཆེར་སྐུལ་འདེད་གཏོང་བའི་ལག་ལེན་གསོན་ཉམས་ལྡན་པ་འཁོད་ཡོད་པས། ཀྲུང་གོ་གུང་ཁྲན་ཏང་གིས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པར་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་ཕུལ་བའི་ཀྲུང་གོའི་བློ་གྲོས་དང་ཀྲུང་གོའི་ཇུས་གཞི་གང་ལེགས་མཚོན་ཡོད། བརྩམས་ཆོས་འདི་པར་སྐྲུན་བྱས་པ་ལས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་དུས་རབས་གསར་པའི་ཀྲུང་གོའི་འཕེལ་རྒྱས་ཀྱི་གྲུབ་འབྲས་དང་། འཕེལ་རྒྱས་ཀྱི་ཁ་ཕྱོགས། འཕེལ་རྒྱས་ཀྱི་ཐབས་ལམ་བཅས་ལ་རྒྱུས་ལོན་སྔར་བས་གཏིང་ཟབ་བྱེད་པ་དང་། ཀྲུང་གོས་འཛམ་གླིང་ལ་སྦྱིན་པའི་བདེ་རྩ་དང་གོ་སྐབས་ལ་ལྟ་ཚུལ་སྔར་བས་ཡག་པོ་འཛིན་པ། ཀྲུང་ཕྱིའི་རྒྱལ་སྲིད་སྐྱོང་བའི་ཉམས་མྱོང་སྤེལ་རེས་དང་ཤེས་དཔལ་ཕན་ཚུན་དཔྱད་གཞིར་འཛིན་པར་སྐུལ་འདེད་སྔར་བས་ཤུགས་ཆེན་གཏོང་བ་བཅས་ལ་ཕན་ཐོགས་ཡོད་པས། འདིར་གཏིང་ཟབ་པའི་དོན་སྙིང་གལ་ཆེན་ལྡན་ཡོད།
འཇར་མན་གྱི་རྒྱ་རིག་པའི་མཁས་ཅན་དང་ལོ་རྒྱུས་རིག་པའི་མཁས་ཅན་ཕེ་ཀའོ་ཏེས་གཏམ་བཤད་བྱེད་སྐབས། དེབ་ལྔ་པའི་ནང་བརྗོད་དོན་གཙོ་བོར་གཞིགས་ནས་ཀྲུའུ་ཞི་ཞི་ཅིན་ཕིང་གི་གསུང་བཤད་རབ་དང་རིམ་པ་བསྡུས་ཡོད། གསུང་བཤད་དེ་དག་ནི་རྒྱུན་ཆད་མེད་པར་ལམ་ལྷོངས་བྱུང་བའི་ཀྲུང་གོའི་འཕེལ་རྒྱས་དང་དེ་བཞིན་འཛམ་གླིང་ཐོག་གི་ཀྲུང་གོའི་གནས་བབ་ལ་དམིགས་ནས་སྤེལ་བ་ཞིག་ཡིན་པས་ནང་དོན་རྒྱ་ཆེ་ཞིང་ངོ་མཚར་ཆེ་བ་དང་འགྱུར་མ་སྤུས་དག་པོ་བྱུང་ཡོད། བརྩམས་ཆོས་འདི་བཀླགས་ན་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ཀྲུང་གོའི་བཅོས་སྐྱོང་འདུ་ཤེས་ལ་གོ་བ་དེ་བས་ཡག་པ་ལེན་ཐུབ་པར་ཕན་ཐོགས་ཡོད་ཅེས་བརྗོད་པ་རེད། ཀྲུང་གོ་སྲིད་གཞུང་གི་མཛའ་གྲོགས་བྱ་དགའ་ཐོབ་མཁན་ཕྱི་རྒྱལ་སྐད་ཡིག་དཔེ་སྐྲུན་ཁང་གི་དབྱིན་ཡིག་གཙོ་སྒྲིག་པ་ཏཱ་ཝེ·ཧྥུའུ་ཀེ་སེན་གྱིས། ཀྲུའུ་ཞི་ཞི་ཅིན་ཕིང་གི་རྒྱལ་སྲིད་སྐྱོང་ལུགས་སྐོར་གྱི་དགོངས་པ་ནི་གཏན་ཚིགས་ཚགས་དམ་པའི་མ་ལག་ཆ་ཚང་ཞིག་རེད། མ་ལག་འདིས་ཚན་རིག་དང་མཐུན་པའི་སྒོ་ནས་རྒྱལ་ནང་དང་རྒྱལ་སྤྱིའི་སྤྱི་ཡོངས་གཉིས་གཅིག་གྱུར་འཆར་འགོད་དང་། ཀྲུང་གོའི་འཕེལ་རྒྱས་ཐད་འཕྲད་པའི་གྲོས་གཞི་གལ་ཆེན་ཚང་མར་བརྒྱུད་རིམ་ལྡན་པའི་སྒོ་ནས་ལན་བསློགས་ཡོད་ལ། དགོངས་པ་འདིའི་གཏིང་ཟབ་ཚད་དང་ལག་ལེན་གྱི་ཁྱབ་རྒྱ་ནི་མི་རྣམས་ཧ་ལས་དགོས་པ་ཞིག་ཡོད་ཅེས་བརྗོད། ཧྥ་ལན་ཁེ་ཧྥུའུ་ཁུང་ཙི་སློབ་གླིང་གི་ཕྱི་ཕྱོགས་ཡོན་ཀྲང་ཝང་ཝེ་མེང་གིས། 《ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ》ཡིས་མཚོན་པའི་ཀྲུང་གོའི་བསམ་བློའི་སྐོར་གྱི་བརྩམས་ཆོས་ཀྱིས་དེང་རབས་ཅན་གྱི་འཕེལ་རིམ་ཁྲོད་ཀྱི་རྒྱལ་ཁབ་ཅིག་གི་བསམ་གཞིག་དང་ལག་ལེན་མཚོན་ཡོད་པས། འདི་ནི་ཀྲུང་གོ་ངོ་མ་རྒྱུས་ལོན་བྱེད་པའི“བསམ་བློའི་ལྡེ་མིག”ལྟ་བུ་ཡིན། འདིའི་ནང་གི་འཕེལ་རྒྱས་དང་། ཞི་བདེ། བཅོས་སྐྱོང་བཅས་སྐོར་གྱི་བློ་གྲོས་ཀྱིས་མིའི་རིགས་ལ་འཕྲད་པའི་ཐུན་མོང་གི་འགྲན་སློང་ཐག་གཅོད་བྱེད་པར་བསམ་ཕྱོགས་གསར་པ་འདོན་ཐུབ།
བྱེད་སྒོའི་ཁྲོད། ཀྲུང་གོ་ཕྱོགས་ཀྱིས་ཕྱི་རྒྱལ་ཕྱོགས་ཀྱི་སྐུ་མགྲོན་གལ་ཆེན་ཚོར《ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ》དེབ་ལྔ་པའི་དབྱིན་ཡིག་པར་གཞི་ཕུལ་བ་དང་། ཚོགས་ཞུགས་རིགས་གཅིག་མཁས་ཅན་དང་མཁས་དབང་ཚོས“འདྲ་མཉམ་དང་བསྟུན་མཁས། ཤེས་དཔལ་ལྡན་པའི་སྐད་ཆ་ཤོད་རེས་ནས་གོ་ལ་ཧྲིལ་པོ་བཅོས་སྐྱོང”ཞེས་པའི་བརྗོད་དོན་གཙོ་བོར་དམིགས་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་དང་འཛམ་གླིང་དང་། གོ་ལ་ཧྲིལ་པོའི་བཅོས་སྐྱོང་གྲོས་འགོ་ལག་ལེན་བསྟར་བ། ཀྲུང་ཡོའི་ཤེས་དཔལ་སྤེལ་རེས་དང་དཔྱད་གཞིར་འཛིན་རེས་སོགས་ཀྱི་ཐད་སྤེལ་རེས་དང་བགྲོ་གླེང་བྱས་པ་རེད།
《ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ》དེབ་ལྔ་པའི་ནང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་2022ལོའི་ཟླ་5ཚེས་27ཉིན་ནས་2024ལོའི་ཟླ་12ཚེས་20ཉིན་བར་གྱི་སྙན་སྒྲོན་དང་། གསུང་བཤད། བཀའ་མོལ། ཤིས་ཚིག གསུང་རྩོམ། མཛུབ་སྟོན་སོགས་རྩོམ་ཡིག་91ཆེད་དོན་18དུ་དབྱེ་ནས་འཁོད་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།