“གངས་ལྗོངས་ཉི་འོད”ཏང་འཛུགས་སྐྱོང་སྤུས་རྟགས་ཀྱིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཁྲིད་སྟོན་བྱེད་པ།

འདི་ནི“གངས་ལྗོངས་ཉི་འོད”ཏང་ཡོན་གདོང་ལེན་རུ་ཁག་གིས་རྒན་གསོ་ཁང་དུ་མི་ཧྲེང་རྒན་རྒོན་ལ་འཚམས་འདྲི་བྱེད་བཞིན་པ།
ཉེ་བའི་ལོ་ཤས་རིང་། ལྷ་ས་གྲོང་ཁྱེར་རྡོ་ཐ་ཆེད་ཚོང་ཅུས(ཀུང་སི)ཀྱིས“གངས་ལྗོངས་ཉི་འོད”ཏང་འཛུགས་སྐྱོང་སྤུས་རྟགས་གཏོད་པ་འགོ་འཛུགས་སར་བྱས་ཏེ། “སྟོབས་ཆེན་བཞིའི”ཏང་ཀྲི་པུའུ་འཛུགས་སྐྱོང་གི་དམིགས་ཚད་ལ་དམ་པོར་དམིགས་ནས། “ཆབ་སྲིད་ཀྱི་ཁྲིད་སྟོན་དང་། ཚད་གཞིར་བརྟེན་ནས་རྨང་གཞི་བརྟན་དུ་གཏོང་བ། སྤུས་རྟགས་ཀྱིས་མཐུན་རྐྱེན་སྦྱོར་བ། ལག་ལེན་ལ་བརྟེན་ནས་མི་སྣ་གསོ་སྐྱོང་བྱེད་པ་བཅས་ཕྱོགས་བཞི་གཞི་གཅིག་གི་ལས་ཀའི་རྣམ་པ་གཏོད་པ་དང་། ས་མཐོའི་ཁྱད་ཆོས་ལྡན་པའི་ཏང་འཛུགས་སྐྱོང་ལས་དོན་དང་ལས་སྒོ་འཕེལ་རྒྱས་མཉམ་འདྲེས་ཟབ་མོ་ཡོང་བའི་ཐབས་ལམ་གསར་པ་ཞིག་འཚོལ་ཞིབ་བྱས་ནས། ཁེ་ལས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྒུལ་ཤུགས་ཆེན་པོ་བསྣན་ཡོད།
“གངས་ལྗོངས་ཉི་འོད”ཏང་འཛུགས་སྐྱོང་སྤུས་རྟགས་ཡག་པོ་བཏོད་ནས། “ཏང་ཡོན་གྱི་དཔེ་སྟོན་ལས་གནས”ཁྲིད་སྟོན་དང་། “ཏང་ཡོན་གྱི་འགན་འཁྲིའི་ཁུལ”གཞི་རྟེན་དུ་བྱས་ཏེ། “ཏང་ཚོགས་ཆུང་དང་ཞིབ་འཇུག་བྱ་གཞི་ཟུང་དུ་འབྲེལ་བའི”ཞིབ་འཇུག་དང“321”ཏང་ཡོན་གྱི་ཁས་ལེན་ལག་ལེན་བྱེད་སྒོ་སྤེལ་ཏེ། ཏང་ཡོན་ལས་བྱེད་པས་རང་འགུལ་ངང་གཙོ་གནད་ལས་འགན་འབྲེལ་མཐུད་དང་། འགག་སྒྲོལ་ཞིབ་འཇུག་བྱ་གཞི་ཁས་ལེན། ཐུན་མོང་འགག་སྒྲོལ་བཅས་བྱེད་པར་ཁྲིད་སྟོན་བྱས་པས། “ཁས་ལེན་དང་། ཁས་ལེན་ལག་བསྟར། གདེང་འཇོག”བཅས་ཀྱི་དོ་དམ་མ་ལག་ཆགས་པ་དང་། ཏང་འཛུགས་སྐྱོང་ལས་དོན་དང་ལས་སྒོ་གཉེར་སྐྱོང་གཉིས་བསམ་སྤྱོད་གཅིག་མཐུན་དང་མཉམ་འདྲེས་གཏིང་ཟབ་ཡོང་བར་སྐུལ་འདེད་བཏང་སྟེ། སྤུས་ཚད་མཐོ་བའི་ཏང་འཛུགས་སྐྱོང་གི་ཁྲིད་སྟོན་ལ་བརྟེན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགན་ལེན་བྱས་ཡོད།
འབྲེལ་ཡོད་གསར་འགྱུར།