བོད་རང་སྐྱོང་ལྗོངས་ཀྱི་གཞི་རིམ་སྨན་པའི་ཤེས་བྱ་གསར་བརྗེས་གསོ་སྦྱོང་འཛིན་གྲྭ་སྐབས་གཉིས་པ་གཉེར་བ།
ཉེ་ཆར། བོད་རང་སྐྱོང་ལྗོངས་ཚན་རིག་ལག་རྩལ་མཐུན་ཚོགས་ཀྱིས་གཙོ་གཉེར་བྱས་པ་དང་བོད་ལྗོངས་མི་རིགས་སློབ་ཆེན་གྱི་ཞོར་གཏོགས་སྨན་ཁང་གིས་སྒྲུབ་འགན་འཁུར་བའི་བོད་རང་སྐྱོང་ལྗོངས་ཀྱི་གཞི་རིམ་སྨན་པའི་ཤེས་བྱ་གསར་བརྗེས་གསོ་སྦྱོང་འཛིན་གྲྭ་སྐབས་གཉིས་པ་བོད་ལྗོངས་མི་རིགས་སློབ་ཆེན་གྱི་ཞོར་གཏོགས་སྨན་ཁང་དུ་སློབ་འགོ་ཚུགས་ཤིང་། བོད་ཀྱི་ས་ཁུལ་དང་གྲོང་ཁྱེར་ཁག་ནས་ཡོང་བའི་གཞི་རིམ་སྨན་པ་30ལྷག་ཙམ་ཧྲའན་ཤིས་ཞན་དབྱང་དུ་དུས་ཡུན་གཟའ་འཁོར་གཅིག་གི་སློབ་སྦྱོང་གསོ་སྦྱོང་ནང་ཞུགས་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་གསོ་སྦྱོང་ཐད་དྲ་ཕྱིའི་རིགས་པའི་གཞུང་ལུགས་ཀྱི་སློབ་ཁྲིད་དང་དངོས་སྦྱོང་གསོ་སྦྱོང་ཟུང་འབྲེལ་གྱི་བྱ་ཐབས་སྤྱད་པ་དང་། རྒྱུན་མཐོང་ནད་དང་ཐོན་མང་བའི་ནད་རིགས་སྨན་བཅོས་དང་། གཞི་རྩའི་མྱུར་སྐྱོབ་ལག་རྩལ། འགོས་ནད་སྔོན་འགོག་དང་ཚོད་འཛིན། སྨན་ཁང་གི་སྤྱི་པའི་འཕྲོད་བསྟེན་དོ་དམ་སོགས་ཀྱི་ནང་དོན་གཙོ་གནད་ཐོག་སློབ་ཁྲིད་བྱས་ཏེ། གཞི་རིམ་སྨན་པའི་ཕྱོགས་བསྡུས་ཞབས་ཞུའི་ནུས་པ་ཆེ་རུ་གཏོང་རྒྱུ་རེད།
འབྲེལ་ཡོད་གསར་འགྱུར།