དྲག་ཆར་འབབ་སྐབས་ཀྱི་ཆར་གཡོལ་ཕྱོགས་སྟོན།
ད་ལྟའི་དུས་སུ་ཆར་པ་ཡང་སེ་བབས་ནས་ཆུ་རྒྱས་པའི་སྒང་ཡིན་པས། གྲོང་མི་དང་གྲོགས་པོ་ཚོས་དྲག་ཆར་བབས་པའི་རྐྱེན་གྱིས་གྲོང་ཁྱེར་དང་གྲོང་གསེབ་ཏུ་ཆུ་ལོག་ཐོན་པ་དང་། ཤྭ་འོད་རྒྱུག་པ། རི་ཉིལ་བ། གས་རྡིབ་སོགས་ཀྱི་ཞོར་ཐོན་གནོད་འཚེར་ཡིན་གཅིག་དོགས་ཟོན་བྱེད་དགོས། དྲག་ཆར་འབབ་སྐབས་ཆར་གཡོལ་ཇི་ལྟར་བྱེད་དགོས་སམ་ཞེ་ན་གཤམ་གསལ་ཏེ།
དང་པོ། དྲག་ཆར་མ་བབས་གོང་ནས་གྲ་སྒྲིག་ཡག་པོ་བྱེད་དགོས།
གལ་ཆེ་ཤོས་ནི། གནམ་གཤིས་སྔོན་བརྡའི་ཉེན་བརྡ་སྔོན་གཏོང་ལ་འཕྲལ་མར་དོ་ཁུར་བྱས་ནས། རབ་བྱུང་ན་ཕྱིར་དོན་རྒྱུ་མེད།
1.ཁང་པར་ཞིབ་བཤེར་བྱེད་པ། གལ་ཏེ་ཁྱེད་རང་ཉེན་ཡོད་ཀྱི་སྡོད་ཁང་རྙིང་པའམ་ཡང་ན་གཤོང་སར་བསྡད་ཡོད་ཚེ་ངེས་པར་དུ་འཕྲལ་མར་སྤོ་དགོས།
2.སྒྲིག་བཀོད་ལ་ཞིབ་བཤེར་བྱེད་པ། གློག་ཐབ་སོགས་ཀྱི་སྒྲིག་བཀོད་ལ་བདེ་འཇགས་ཡོད་མེད་དང་གློག་ཁུངས་ཀྱི་གློག་བསད་ཡོད་མེད་ལ་ཞིབ་བཤེར་བྱེད་དགོས།
3.ཅ་ལག་བསྡུ་གསོག་རྒྱག་པ། ཕྱིར་ཉི་སྐམ་བཏང་རིགས་བསྡུ་གསོག་རྒྱག་དགོས་ལ་ཁྱིམ་གྱི་རྒྱུ་དངོས་རྩ་ཆེན་མཐོ་སར་འཇོག་དགོས།
4.མཐོ་སར་སྐྱོད་དགོས་པ། སོ་ནམ་ལས་ཀ་གནས་སྐབས་མཚམས་འཇོག་དང་ཕྱིར་ཡོད་པ་རྣམས་ལམ་སེང་མཐོ་སའམ་བྲག་ཕུག་ཡོད་སར་ཉེན་གཡོལ་ལ་སྐྱོད་དགོས།
གཉིས་པ། གྲོང་ཁྱེར་དུ་ཆུ་ལོག་ཐོན་ཚེ་རང་སྐྱོབ་ཇི་ལྟར་བྱེད་དགོས།
གལ་ཏེ་ཁྱེད་རང་ཕྱིར་ཡོད་ན།
1.ས་ཆ་དམའ་སར་སྡོད་མི་ཉན། ས་འོག་འགྲོ་ལམ་དུ་མི་འགྲོ་བར་འཕྲལ་མར་ཉེ་འགྲམ་གྱི་ས་ཆ་མཐོ་སར་སྐྱོད་དགོས།
2.ས་ཆ་མཐོ་སར་འཕྲལ་མར་སྐྱོད་དགོས་པ་དང་ཆབས་ཅིག གློག་མི་འཁྱུད་པ་བྱེད་དགོས། གྲོང་ཁྱེར་དུ་ཆུ་ལོག་ཐོན་ནས་ཁང་པར་ཆུ་འཛུལ་ཚེ། གློག་འཁྱུད་ཉེན་ཡོད་པས་ཆུའི་ནང་རྐང་པ་སྤོ་མི་རུང་ལ། གློག་ཤིང་དང་ལྕགས་སྒྲོམ་ལ་འཛེག་རྒྱུ་མེད་ལ་གློག་ཆེན་གྱི་གློག་ཤིང་ཡོད་སར་དེ་བས་ཀྱང་འགྲོ་མི་རུང་།
3.ས་འོག་ཆུ་འགྲོའི་ཁུང་བུར་ཟག་རྒྱུར་གཟབ་གཟབ་བྱེད་དགོས། ཆུ་མགྱོགས་པོ་གཤོང་ཐུབ་ཆེད། ཆུ་འགྲོའི་ཁེབས་གཅོད་མང་པོ་ཁ་ཕྱེ་ནས་བཞག་གི་ཡོད་པས་ཉེན་གཏོང་གི་བརྡ་རྟགས་དང་ཆུ་རྒྱུག་སར་དོ་སྣང་བྱེད་དགོས།
གལ་ཏེ་རླངས་འཁོར་གཏོང་སྐབས་དྲག་ཆར་བབས་ན། རླངས་འཁོར་དུ་མི་ལུས་པར་བྱེད་རྒྱུ་ནི་གལ་འགངས་ཤིན་ཏུ་ཆེན་པོ་རེད།
1.འཁྱིལ་ཆུ་ཡོད་སར་སྐྱོད་མི་རུང་། ཆུའི་གཏིང་ཚད་རླངས་འཁོར་གྱི་མཇུག་རླངས་འབུད་སའི་སྦུ་གུ་ལས་སྒྲོལ་བའི་འཁྱིལ་ཆུ་ཡོད་སར་བསྐྱོད་རྒྱུ་མེད། གལ་ཏེ་སྐྱོད་དགོས་ཚེ་སྔོན་ནས་ཉེན་ཁ་ཡོད་མེད་ལྟ་དགོས།
2.རླངས་འཁོར་གྱི་མེ་ཤི་ཚེ་ཡང་བསྐྱར་སྤར་རྒྱུ་མེད། གལ་ཏེ་རླངས་འཁོར་དུ་ཆུ་འཛུལ་བའི་རྐྱེན་གྱིས་མེ་ཤི་ཚེ་རླངས་འཁོར་གྱི་མེ་ཡང་བསྐྱར་སྤར་རྒྱུ་མེད། ཆ་རྐྱེན་ཡོད་ཚེ་རླངས་འཁོར་བདེ་འཇགས་ཡོད་སར་འབུད་དགོས།
3.རླངས་འཁོར་ནས་སྔ་ཙམ་ཐར་ཐབས་བྱེད་དགོས། རླངས་འཁོར་ཆུར་ལྷུང་བ་ནི་གནས་ཚུལ་སྡུག་ཤོས་ཡིན་པས་ཆུ་ཁ་དམའ་ཐོག་ལ་རླངས་འཁོར་ནས་གང་མགྱོགས་ཐར་བ་བྱེད་དགོས།
4.རླངས་འཁོར་གྱི་སྒེའུ་ཁུང་བཅག་ནས་ཐར་ཐབས་བྱེད་དགོས། གལ་ཏེ་རླངས་འཁོར་ཆུས་བསྣུབས་ཚེ། ཐོ་བས་རླངས་འཁོར་གྱི་སྒེའུ་ཁུང་ཤེལ་སྒོའི་ཟུར་བཞིར་གཞུས་ནས་ཤེལ་སྒོ་བཅག་སྟེ་ཐར་ཐབས་བྱེད་དགོས།
གསུམ། ས་གཤིས་ཀྱི་གནོད་འཚེ་ཐོན་ཚེ་ཐར་ཐབས་ཇི་ལྟར་བྱེད་པ།
གློ་བུར་དུ་ཤྭ་འོད་དང་འཕྲད་པ།
1.ས་མཐོ་སར་སྐྱོད་དགོས། དངངས་འཚབ་མེད་པར་བཀོད་འདོམས་ལ་ཉན་ཏེ་ས་མཐོ་སར་སྤོས་ཏེ་ཉེན་ཡོད་ཁུལ་ནས་བྲལ་དགོས།
2.ལུང་ཤུར་དུ་འགྲོ་རྒྱུ་མེད། ཤྭ་འོད་ཐོན་སྐབས་ལུང་ཤུར་ལས་གཡོལ་ཏེ་གཞོགས་གཉིས་ཀྱི་ས་མཐོ་སར་སྐྱོད་དགོས།
3.ཆུ་བརྒལ་མི་རུང་། ཆུ་ལོག་ཐོན་ནས་ཁ་བྲལ་མི་ཐུབ་པའི་སྐབས་འཕྲལ་དུ་ས་གནས་དེ་གའི་འབྲེལ་ཡོད་སྡེ་ཚན་ལ་འབྲེལ་བ་བྱེད་པའམ་ཡང་ན་རོགས་སྐྱོབ་ཀྱི་བརྡ་རྟགས་གཏོང་དགོས།
གློ་བུར་དུ་ཆུ་རུད་དང་འཕྲད་པ།
རྒྱུ་དངོས་ལ་ཞེན་ནས་རང་སར་སྡོད་མི་རུང་ཞིང་། སྲོག་ཉེན་ལས་ཐར་ཐབས་བྱེད་རྒྱུ་གལ་ཆེ་བས། ཆུ་རུད་རྒྱུག་སར་མི་འགྲོ་བར་འཕྲལ་མར་དེའི་གཞོགས་གཉིས་ཀྱི་རི་མཐོ་སར་སྐྱོད་དགོས།
གློ་བུར་དུ་རི་ཉིལ་བ་དང་འཕྲད་པ།
1.ས་དམའ་སར་སྡོད་མི་རུང་། ལུང་ཤུར་དུ་སྡོད་སྐབས་གློ་བུར་དུ་དྲག་ཆར་བབས་ཚེ་བདེ་འཇགས་ལྡན་པའི་ས་མཐོ་སར་མྱུར་དུ་སྤོ་དགོས་ཤིང་། ས་དམའ་སའི་ལུང་ཤུར་དང་གཡང་གཟར་བའི་རི་ལྡེབས་སུ་མི་སྡོད་པར་དེ་ལས་གཡོལ་ཐབས་བྱེད་དགོས།
2.ཆུ་རུད་ཐོན་ཉེན་སྐབས་སུ་བྱུང་བའི་སྒྲ་ལ་ཡིད་གཟབ་བྱེད་དགོས། མཐའ་འཁོར་གྱི་ཁོར་ཡུག་ལ་དོ་སྣང་བྱེད་དགོས་ལ། ལྷག་པར་དུ་ཐག་རིང་ནས་ས་རྡོ་ཉིལ་བ་དང་ཤྭ་འོད་རྒྱུག་སྐབས་ཀྱི་རྒྱུན་གཏན་མིན་པའི་སྒྲ་གྲགས་སྐབས་དོ་སྣང་དང་ཡིད་གཟབ་བྱེད་དགོས།
3.ལོག་རྒྱུར་འབྲེལ་བ་བྱེད་རྒྱུ་མེད། དྲག་ཆར་ཆད་རྗེས། ལུང་ཤུར་དུ་ལམ་སེང་ལོག་རྒྱུ་མེད་པར་དུས་ཚོད་ངེས་ཅན་ཞིག་བསྒུགས་རྗེས་ད་གཟོད་ལོག་ན་འགྲིག
(བོད་རང་སྐྱོང་ལྗོངས་མེ་ཟོན་རོགས་སྐྱོབ་སྤྱི་ཁྱབ་རུ་ཁག་གིས་མཁོ་འདོན་བྱས)
འབྲེལ་ཡོད་གསར་འགྱུར།