དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • གཞིས་རྩེ་གྲོང་ཁྱེར་ཚོང་དོན་ཅུས་ཀྱིས།

    “ཏང་འཛུགས་སྐྱོང+བདེ་འཇགས”ཀྱི་བྱེད་སྟངས་སྤྱད་ནས་བདེ་འཇགས་ཐོན་སྐྱེད་ཀྱི་འགོག་རགས་བརྟན་པོ་བསྐྲུན་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2025-10-15

    ཉེ་ཆར། ཚོང་དོན་ཁྱབ་ཁོངས་ཀྱི་བདེ་འཇགས་ཐོན་སྐྱེད་དོ་དམ་ལ་ཤུགས་སྣོན་རྒྱག་པ་དང་ཁེ་ལས་ཀྱི་བྱེད་པོའི་འགན་འཁྲི་ནན་དུ་གཏོང་ཆེད། གཞིས་རྩེ་གྲོང་ཁྱེར་ཚོང་དོན་ཅུས་ཀྱིས“ཏང་འཛུགས་སྐྱོང+བདེ་འཇགས”ཀྱི་མཉམ་འདྲེས་མཉམ་སྐུལ་གྱི་ལས་དོན་ལམ་སྲོལ་འཚོལ་ཞིབ་དང་ཁྱབ་སྤེལ་ཧུར་ཐག་གཏོང་བ་དང་། ཏང་འཛུགས་སྐྱོང་ལས་དོན་དང་བདེ་འཇགས་ཐོན་སྐྱེད་མཉམ་འདྲེས་གཏིང་ཟབ་ཡོང་བར་སྐུལ་འདེད་བཏང་སྟེ། གྲོང་ཁྱེར་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་བདེ་འཇགས་ལ་འགན་སྲུང་བརྟན་པོ་བྱས་པ་རེད།

    གཞིས་རྩེ་གྲོང་ཁྱེར་ཚོང་དོན་ཅུས་ཀྱིས་ཏང་འཛུགས་སྐྱོང་གི་སྣེ་ཁྲིད་མངོན་གསལ་དོད་པོ་ཡོང་བར་བྱས་ནས་བདེ་འཇགས་ཐོན་སྐྱེད་དེ་ཏང་འཛུགས་སྐྱོང་གི་ལས་དོན་གལ་ཆེན་གྱི་གྲས་སུ་བཅུག་པ་དང་། “ཏང་འཛུཌ་སྐྱོང་ལ་དོ་དམ་བྱེད་པར་ངེས་པར་དུ་བདེ་འཇགས་ལ་དོ་དམ་བྱེད་དགོས་པ”ཁ་གསལ་བཟོས་ཤིང་། བདེ་འཇགས་ཐོན་སྐྱེད་ཀྱི་ཁྲིམས་སྲོལ་གསོ་སྦྱོང་བྱེད་ཤུགས་ཆེ་རུ་བཏང་བ་བརྒྱུད། ཁེ་ལས་ལ་བདེ་འཇགས་ཀྱི“དམར་ཐིག་འདུ་ཤེས”དང“མཐའ་ཚད་འཛིན་སེམས”བརྟན་པོ་འཛུགས་པར་སྐུལ་འདེད་བཏང་བ་དང་། བདེ་འཇགས་ཀྱི་འགན་འཁྲི་དག་ལས་གནས་སུ་དོན་འཁྱོལ་ནན་པོ་དང་མི་རེ་ངོ་རེར་གསལ་པོ་ཡོང་བར་བྱས་ཡོད།

    དུས་མཚུངས་སུ་ཏང་ཡོན་གྱི་གདོང་ལེན་དཔེ་བཟང་གི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། མེ་ཟོན་དང་ཁྲོམ་ར་ལྟ་འདོམས་སོགས་སྡེ་ཚན་དང་མཉམ་དུ་ཏང་ཡོན་གྱི་ལས་སྒོའི་རྐང་འཛིན་པ་སྟོབས་ཤུགས་སུ་བྱེད་པའི“བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་གྲལ་བཤེར་གདོང་ལེན་རུ་ཁག”བཙུགས་ནས་ཚོང་ར་དང་སྒོ་རྩིས་ཚོང་ཁང་ཆེན་པོ་དང་དེ་བཞིན་གྲོང་སྡེའི་ཚོང་ར་སོགས་མི་ཚོགས་འདུ་སར་གཙོ་གནད་ཐོག་རྒྱུན་རྣམ་ཅན་གྱི་མངོན་མེད་རྐྱེན་ངན་གྲལ་བཤེར་བྱས་ཤིང་། “ཚང་མས་བདེ་འཇགས་ལ་དོ་ཁུར་བྱེད། ཚང་མ་བདེ་འཇགས་ལས་ལ་ཞུགས”པའི་རྣམ་པ་བཟང་པོ་ཧུར་ཐག་བཏོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།