མཚོ་སྣ་གྲོང་ཨུད་སྲིད་ཁྲིམས་ཨུ་ལྷན་གྱིས“ཐོ་འགོད་གཉིས”ལ་བརྟེན་ནས་མང་ཚོགས་ལ་ཞབས་འདེགས་ཞུ་བའི“མཐའ་མའི་འགག་གནད”བསལ་བ།
ཉེ་ཆར། མཚོ་སྣ་གྲོང་ཨུད་སྲིད་ཁྲིམས་ཨུ་ལྷན་གྱི་ཏང་ཀྲི་པུས་ལས་ཐོག་ཏང་ཡོན་སྒྲིག་འཛུགས་བྱས་ནས་སྒྱི་གསུམ་སྡེ་ཁུལ་དུ་བསྐྱོད་དེ“ཏང་འཛུགས་སྐྱོང་གིས‘ཐོ་འགོད་གཉིས’ལ་ཁྲིད་སྟོན་དང་སྲིད་ཁྲིམས་ཀྱིས་དུད་ཚང་མང་པོར་ཞབས་འདེགས་ཞུ་བའི”བརྗོད་དོན་གཙོ་བོའི་བྱེད་སྒོ་སྤེལ་ནས་མང་ཚོགས་ཉེ་འགྲམ་དུ་ཆེད་ལས་ཀྱི་སྲིད་ཁྲིམས་ཞབས་འདེགས་ཞུས་ཏེ་མང་ཚོགས་ལ་ཞབས་འདེགས་ཞུ་བའི“མཐའ་མའི་འགག་གནད”དངོས་འབྲེལ་བསལ་བ་རེད།
བྱེད་སྒོ་སྤེལ་ཡུལ་དུ་མཚོ་སྣ་གྲོང་ཨུད་སྲིད་ཁྲིམས་ཨུ་ལྷན་གྱི་ཏང་ཡོན་ཚོས་བཅའ་ཁྲིམས་བློ་འདྲི་དང་། འགལ་ཟླ་སེལ་བ། བདེ་འཇགས་དྲིལ་བསྒྲགས་སོགས་ཞབས་ཞུའི་ལས་སྟེགས་བཙུགས་ནས་རང་སོ་སོའི་ཆེད་ལས་ཀྱི་ལེགས་ཆ་བཏོན་ཏེ་གཉེན་སྒྲིག་ཁྱིམ་ཚང་དང་། གྲོང་པ་ཁྱིམ་མཚེས་དབར་གྱི་རྩོད་གཞི་དང་། རྒྱུ་ནོར་ཤུལ་འཛིན་སོགས་གླེང་མང་བའི་བཅའ་ཁྲིམས་ཀྱི་གནད་དོན་ལ་དམིགས་ཏེ་གོ་བདེ་ཤེས་སླའི་ཐོག་ནས་བཅའ་ཁྲིམས་འགྲེལ་བཤད་བརྒྱབ་པ་དང་ཁེ་དབང་སྲུང་སྐྱོང་གི་གྲོས་འགོ་བཏོན་ཏེ་མང་ཚོགས་ཚོས་སྒོ་འགྲམ་དུ་ཆེད་ལས་ཀྱི་བཅའ་ཁྲིམས་ཞབས་ཞུ་ལོངས་སུ་སྤྱོད་ཐུབ་པར་བྱས་པ་རེད།
བྱེད་སྒོ་སྤེལ་རིང་། ཏང་ཡོན་ཚོས་ད་དུང་སྡེ་ཁུལ་གྱི་ལས་དོན་པ་དང་དྲ་མིག་པ་དང་སྤེལ་རེས་གཏིང་ཟབ་བྱས་ཏེ་སྡེ་ཁུལ་བཅོས་སྐྱོང་ཁྲོད་ཀྱི་དཀའ་གནད་དང་འགག་གནད་ཤེས་རྟོགས་ཞིབ་ཕྲ་བྱས་ནས་མཉམ་དུ་ཐག་གཅོད་ཇུས་གཞིར་གྲོས་བསྡུར་བྱས་པ་དང་འབྲེལ་སྲིད་ཁྲིམས་འགན་ནུས་ཀྱི་ལེགས་ཆ་མུ་མཐུད་བཏོན་ཏེ་སྡེ་ཁུལ་ལ་འགལ་ཟླ་སེལ་བ་དང་བཅོས་སྐྱོང་བྱེད་ནུས་ཆེ་རུ་གཏོང་རོགས་བྱེད་ཀྱི་ཡིན་ཞེས་བཤད།
འབྲེལ་ཡོད་གསར་འགྱུར།