དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ཁྲེང་ཀོན་ཆུས་ཉང་བྲན་ཁྲོམ་གཞུང་རྒྱབ་བཞི་གྲོང་ཚོས།

    ​གླིང་ཁ་བཏང་ནས་ཞོའི་རིག་གནས་ཁྱབ་སྤེལ་བཏང་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2025-10-15

    ཉེ་ཆར། ཁྲེང་ཀོན་ཆུས་རིག་གནས་དང་ཡུལ་སྐོར་ཅུས་ཀྱིས་གཙོ་གཉེར་བྱས་པ་དང་། ཁྲེང་ཀོན་ཆུས་ཉང་བྲན་ཁྲོམ་གཞུང་ཏང་གི་ལས་དོན་ཨུ་ལྷན་དང་ཉང་བྲན་ཁྲོམ་གཞུང་རྒྱབ་བཞི་གྲོང་ཚོའི་སྤྱི་ཁྱབ་ཏང་ཀྲི་པུའུ་ཡིས་སྒྲུབ་འགན་ཁུར་བའི་རྒྱབ་བཞི་གྲོང་ཚོའི་ཞོའི་གླིང་ཁའི་དུས་ཚིགས་ཀྱི་བྱེད་སྒོ་སྐབས་དང་པོ་རྒྱབ་བཞི་གྲོང་ཚོའི་སྒར་སར(གླིང་ཁའི་གཞིས་ཀ)སྤེལ་འགོ་ཚུགས་པ་རེད།

    ད་ཐེངས་ཀྱི་བྱེད་སྒོས་ཞོའི་རིག་གནས་ལྟེ་བར་བྱས་ཏེ། གླིང་ཁའི་སྤྲོ་གསེང་གི་སྲོལ་རྒྱུན་དང་མི་རིགས་མཐུན་སྒྲིལ་གྱི་བརྗོད་དོན་གཙོ་བོ་དང་ཟུང་འབྲེལ་བྱས་ཤིང་། དེའི་དམིགས་ཡུལ་ནི་རིག་གནས་ཉམས་ལེན་དང་། སྤྲོ་གསེང་རོལ་རྩེད། ཚོགས་སྤྱི་མཉམ་འགུལ་བཅས་གཞི་གཅིག་ཏུ་འདུས་པའི་དུས་ཆེན་གྱི་བྱེད་སྒོ་ཞིག་སྤེལ་ཆེད་ཡིན་པ་རེད།

    བྱེད་སྒོར་མི་རིགས་མཐུན་སྒྲིལ་གྱི་བརྗོད་དོན་གཙོ་བོའི་ལྷུ་ཚིགས་དམིགས་སུ་བཀོད་སྒྲིག་བྱས་ཤིང་། བྱེད་སྒོར་ཞུགས་མཁན་སྐུ་མགྲོན་དང་ཡུལ་མིའི་འཐུས་མི་ཚོས་སྦྱག་མ་ཁྱེར་ནས“མི་རིགས་མཐུན་སྒྲིལ་གྱི་སེ་འབྲུའི་སྡོང་ཕྲུག”མཉམ་དུ་བཏབ་སྟེ་སེམས་མཐུན་གྱི་མཛའ་བརྩེ་མཚོན་པར་བྱས་པ་རེད། དེ་ནས་མི་རིགས་མཐུན་སྒྲིལ་གྱི་དྲི་བ་དྲིས་ལན་གྱི་ལྷུ་ཚིགས་སུ་ལྟད་མོ་བ་ཚོས་ཁྱོད་ཤོར་ང་ཤོར་གྱིས་དྲི་བར་ལན་བཏབ་པས་ཕན་ཚུན་སྤེལ་རེས་ཁྲོད་ནས་ཐུན་མོང་གི་ངོས་འཛིན་ཟབ་ཏུ་ཕྱིན་པ་དང་། དེ་གར་ཡོད་པའི་ལྟད་མོ་བས“གླིང་ཁར་ནོར་བུ་འཚོལ་བ”སོགས་མཉམ་འགུལ་རོལ་རྩེད་ཀྱི་ལྷུ་ཚིགས་ལ་ཧུར་ཐག་ཞུགས་པར་སྤྲོ་སྣང་བྱུང་བ་མ་ཟད་བྱ་དགའ་ཡང་ཐོབ་ཡོད། གཞན་ཡང་སྙན་འཇེབས་ལྡན་པའི་ཨོག་ལེན་དཀྲོལ་གཏོང་གི་སྒྲས་བྱེད་སྒོར་ཐུན་མོང་མིན་པའི་རྣམ་པ་ཞིག་བསྣན་ཡོད།

    ད་ཐེངས་ཀྱི་བྱེད་སྒོ་ལས་ཚང་མར་ལག་བཟོས་ཞོའི་བྲོ་བ་མྱོང་རྒྱུ་བྱུང་བ་མ་ཟད། ཕུན་སུམ་ཚོགས་པའི་མཉམ་འགུལ་རྣམ་གྲངས་ཉམས་ལེན་ཐུབ་ཁར། ས་གནས་དེ་གའི་ཁྱད་ལྡན་རིག་གནས་ཁྱབ་སྤེལ་གཏོང་བར་དེ་བས་སྐུལ་མ་ཐེབས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།