དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ལོ་28རིང་ས་མཐོར་ང་དང“བོད་ནས”མཉམ་དུ་འཚར་ལོངས་བྱུང་།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2025-10-15

    སྔར་སོང་ལ་ཕྱིར་དྲན་བྱེད་སྐབས་མཐོ་གྲང་གནམ་གཤིས་དང་ས་ཁམས་ཆ་རྐྱེན་གྱི་ཚོད་འཛིན་འོག་ཞིང་འབྲོག་པ་ལྟོ་གོས་ལ་སེམས་ཁྲལ་བྱེད་དགོས་ཀྱི་ཡོད། ད་ཆ་ཞིང་ནང་དང་མུ་ཁར་འཕྲུལ་ཆས་ཀྱི་འུར་སྒྲས་ཁེངས་པ་དང་བང་མཛོད་འབྲུ་ཡིས་ཁེངས་ནས་རང་ལྗོངས་སུ“གནམ་ཆུ་སྒུག་པ”ནས་འབྲུ་རིགས་རང་ཁ་རང་གསོ་ཐུབ་པའི་བར་གྱི་ལོ་རྒྱུས་རང་བཞིན་གྱི་མཆོང་སྐྱོད་བྱུང་བ་དེའི་རྒྱབ་ཏུ་འབད་འབུངས་པ་གྲངས་མེད་ཀྱིས་རྔུལ་ཆུ་དང་བློ་གྲོས་བཏོན་ཡོད།

    1997ལོར་ཁྲེན་དབྱི་ཧྲེང་གིས་མཐའ་མཚམས་འཛུགས་སྐྲུན་གྱི་ངར་སེམས་ཆེན་པོ་བཅངས་བཞིན་བོད་དུ་བསྐྱོད་དེ་2002ལོར་བོད་ཀྱི་ཞིང་འབྲོག་བྱ་གཞག་གི་ལས་ལ་གཞོལ་བ་ནས་བཟུང་ས་མཐོའི་ཞིང་ལས་འཕེལ་རྒྱས་དང་ལས་འབྲེལ་ཟབ་མོ་བྱུང་ཡོད།

    “ས་ཞིང་སྤུས་དག་དེ་ལས་ངེས་པར་དུ་ཚད་ལྡན་ཅན་གྱི་འདེབས་འཛུགས་ཀྱི་ཐོན་སྐྱེད་ཀྱི་མི་མངོན་པའི་སྟོབས་ཤུགས་འདོན་ཐུབ་པར་བྱེད་དགོས” 2005ལོར་ལྷོ་ཁ་གྲོང་ཁྱེར་གོང་དཀར་རྫོང་ཞིང་འབྲོག་ཅུས་ཀྱི་ཅུས་ཀྲང་ཡིན་པའི་ཁྲེན་དབྱི་ཧྲེང་གིས་བརྟག་ཞིབ་བྱེད་སྐབས་རྒྱ་དྲུག་གླིང་གྲོང་རྡལ་གྱི་ཡུག་འབྲེལ་ཁོད་སྙོམས་ཀྱི་ས་ཞིང་དེར་ཧང་སངས།

    ཁོང་གིས་འཕྲལ་དུ་རང་སྐྱོང་ལྗོངས་དང་གྲོང་ཁྱེར་དང་ས་ཁུལ་ཁག་གི་ཞིང་ལས་ལག་རྩལ་ཆེད་ལས་མཁས་ཅན་ཚོགས་ཆུང་དང་མཉམ་དུ་རྒྱ་དྲུག་གླིང་གྲོང་རྡལ་དུ་བསྐྱོད་དེ་ས་རྒྱུ་ལེགས་བཅོས་ནས་ས་བོན་འདེམས་གསོ་དང་འདེབས་འཛུགས་ལག་རྩལ་ནས་ཞིང་ནང་གཡོག་བྱེད་བར་ཞིང་དུད་ལ་ཚད་ལྡན་ཅན་འདེབས་འཛུགས་བྱེད་སྟངས་དམར་ཁྲིད་བྱས་པ་རེད། མཐར་དེང་རབས་ཅན་གྱི་ཞིང་འཕྲུལ་ལས་སྒྲུབ་དང་ཚན་རིག་དང་མཐུན་པའི་འདེབས་འཛུགས་ལག་རྩལ་གཞི་གཅིག་ཏུ་འདུས་པའི་ནས་ཚད་ལྡན་ཅན་གྱི་དཔེ་སྟོན་ཞིང་ཁར་ལོ་ལེགས་བྱུང་བ་དང་འབྲེལ་རྫོང་ཡོངས་དང་ཐ་ན་མཐའ་འཁོར་ས་ཁུལ་གྱི་ནས་ཀྱི་ཐོན་ལས་རིམ་སྤོར་ལ་སྐུལ་ཁྲིད་བྱེད་པའི་མ་དཔེ་ཞིག་ཏུ་གྱུར་པ་རེད།

    2011ལོར་ཁྲེན་དབྱི་ཧྲེང་བོད་རང་སྐྱོང་ལྗོངས་ཞིང་ལས་གྲོང་གསེབ་ཐིང་དུ་ལས་སྒྱུར་བྱས་ཤིང་། ས་གནས་ཀྱི་ཐོན་ལས་རིམ་སྤོར་ལ་སྐུལ་འདེད་གཏོང་བ་ནས་ལྗོངས་ཡོངས་ཀྱི་ཞིང་ལས་འཕེལ་རྒྱས་ཀྱི་འཆར་འགོད་ལ་སྤྱི་འདོམས་བྱེད་པའི་བར་ཁོང་གིས་འགན་འཁྲི་དེ་བས་ལྕི་བ་འཁུར་བའི་ཁར་གཞི་རིམ་གྱི་ཉམས་མྱོང་དེ་དག་ལྗོངས་ཡོངས་ཀྱི་ཞིང་ལས་འཕེལ་རྒྱས་ཀྱི་སྤྱི་ཡོངས་ཁྲོད་སྤྱད་པ་རེད།

    འབྲུ་རིགས་ཐོན་སྐྱེད་བྱེད་རིང་སོན་བཟང་ཁྱབ་གདལ་གཏོང་རྒྱུ་ནི་འགག་རྩའི་གོམ་སྟབས་ཤིག་ཡིན་ཞིང་། “ལོ་བཅུ་ཕྲག་ཁ་ཤས་གོང་། གོང་དཀར་རྫོང་སྟོང་རྭ་ཤང་དེ་ཉིད་ས་བབ་མཐོ་བའི་དབང་གིས་དེ་སྔའི་ས་བོན་རྙིང་པ་ལས་འདེབས་མི་ཐུབ་སྟབས་ནས་མུའུ་རེའི་ཐོན་འབབ་རྒྱ་མ་300ཙམ་ལས་ཟིན་གྱི་མེད”ཅེས་ཁྲེན་དབྱི་ཧྲེང་གིས་དྲན་གསོ་བྱེད་བཞིན་བཤད། ད་ཆ་ཚན་ཞིབ་པས་ས་བབ་མཐོ་བའི་འདེབས་གསོར་འགག་སྒྲོལ་བྱས་པ་དང་སྟོང་རྭ་ཤང་གིས་ཁྱབ་གདལ་བཏང་བའི་བོད་ནས་17པ་སོགས་ས་བོན་གྱི་མུའུ་རེའི་ཐོན་འབབ་སྤྱི་རྒྱ་300ལྷག་ཙམ་ཟིན་ནས་ལྡབ་གཅིག་འཕར་བ་རེད།

    མིག་སྔར། བོད་དུ་ནས་ཀྱི་ས་བོན་ཁག་78འདེམས་གསོ་བྱས་ཏེ་སྐྱེ་ཁམས་ཁུལ་ཁོངས་མི་འདྲ་བར་གནད་སྨིན་བཀོད་སྒྲིག་བྱས་པ་དང་ས་བབ་དམའ་བའི་ཁུལ་དུ“བོད་ནས་2000”‘དང“ཧི་མ་ལ་ཡ་ཨང་22པ”དེ་ཁྱབ་གདལ་གཙོ་བོ་གཏོང་བའི་ས་བོན་དུ་གྱུར་པ་དང་། ས་བབ་མཐོ་བའི་ཁུལ་དུ“བོད་ནས་17”དང“ཧི་མ་ལ་ཡ་ཨང་23པ”སོགས་ས་བོན་རྩེ་གྲ་བཏབ་ནས་རྩ་བ་བརྟན་པོ་ཚུགས་པ་རེད། 2020ལོར“བོད་ནས་17”དེ་ས་བབ་སྨི་4560ཟིན་པའི་ནག་ཆུ་གྲོང་ཁྱེར་ཉི་མ་རྫོང་འོམ་བུ་ཤང་དུ་བཏབ་པར་མུའུ་རེའི་ཐོན་འབབ་སྤྱི་རྒྱ་325ཡི་ངོ་མཚར་བཏོད་པ་དང་གྲངས་ཀ་དེ་སྔོན་ཆད་བསམ་ཀྱང་མི་ཕོད་པ་ཞིག་རེད།

    “ཐོན་འབབ་རིམ་སྤོར་བྱེད་པ་ནི་གོམ་སྟབས་དང་པོ་ཙམ་ཡིན་པ་དང་ད་དུང་ནས་ཕྱིར་གཏོང་བྱས་ནས་ཞིང་འབྲོག་པའི་ཡོང་འབབ་ཏུ་གྱུར་པ་བྱེད་དགོས”ཁྲེན་དབྱི་ཧྲེང་གིས་འབྱུང་འགྱུར་གྱི་འཆར་འགོད་སྐོར་གླེང་སྐབས་རེ་བས་ཁེངས་ཡོད། ཁོང་གི་ངོས་ནས་བརྗོད་ན། བོད་ནས་ཀྱི་མི་མངོན་པའི་སྟོབས་ཤུགས་ཆེ་ཤོས་ནི་དེའི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ལ་ཐུག་པ་སྟེ། སྦགས་བཙོག་མེད་པའི་ས་མཐོའི་སྐྱེ་ཁམས་ཁོར་ཡུག་ཁྲོད་དེར་ཐུན་མོང་མ་ཡིན་པའི་ལེགས་ཆ་ཡོད་པ་དང་། ལྷག་པར་དུ་ལྷུན་རྩེ་རྫོང་གི་ནས་ནག་ལ་མེ་ཏོག་གི་མདོག་རྒྱུ་འདུས་ཚད་ཧ་ཅང་མཐོ་བས་འཕྲོད་སྦྱོར་རིན་ཐང་མངོན་གསལ་དོད་པོ་ཡོད་པ་རེད།

    ཁྲེན་དབྱི་ཧྲེང་གིས“གནད་སྨིན་ལས་སྣོན་ལ་བརྟེན་ནས་ཕན་འབྲས་ཐོན་པར་བྱས་ཏེ་སྤུས་ལེགས་ས་བོན་དེ་དག་ཁྱད་ལྡན་ཐོན་རྫས་སུ་གྱུར་པ་བྱས་ཐོག‘བོད་ནས’དེ་སྤུས་རྟགས་རྩེ་གྲར”གྱུར་པ་བྱེད་དགོས་ཞེས་བཤད།

    ལོ་28རིང་གི་ས་མཐོར་གཞི་ཚུགས་པའི་ལོ་ཟླར་ཕྱིར་མིག་བལྟ་སྐབས། ཁོང་གིས“གཞི་རིམ་དུ་སྙིང་རུས་ཆེན་པོས་འབད་འབུངས་བྱས་པ་ལས་ངས་ཞིང་པའི་རེ་སྒུག་དང་ས་རྒྱུར་རྒྱུས་མངའ་ལོན་བྱུང་། ད་ཆ་ལྗོངས་ཡོངས་ཀྱི་ཞིང་ལས་འཆར་འགོད་ནང་ཞུགས་པར་གདེང་ཚོད་ཆེན་པོ་ཡོད”ཅེས་བཤད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།