ད་ལོ་རྒྱལ་ཡོངས་ཀྱི་མྱུར་སྐྱེལ་ལས་སྒོའི་གྲངས་འབོར་དུང་ཕྱུར་1500ལྷག་ཙམ་ཟིན་པ།
2024ལོ་ལས་ཉིན་37སྔ་སྣུར་ཐུབ་པ།
རྒྱལ་ཁབ་སྦྲག་སྲིད་ཅུས་ཀྱི་ལྟ་ཞིབ་ཚད་ལེན་གྱི་གྲངས་གཞི་ལས་མངོན་པར། ཟླ་10ཚེས་11ཉིན་བར། ད་ལོའི་རང་རྒྱལ་གྱི་མྱུར་སྐྱེལ་ལས་སྒོའི་གྲངས་འབོར་དུང་ཕྱུར་1500ལྷག་ཙམ་ཟིན་ནས་2024ལོ་ལས་ཉིན་37སྔ་སྣུར་ཐུབ་པ་དེས་རང་རྒྱལ་གྱི་འཛད་སྤྱོད་ཁྲོམ་ར་བརྟན་པོའི་ངང་འཕར་བ་དང་དཔལ་འབྱོར་བརྟན་ཐོག་ཡར་རྒྱས་བྱུང་བའི་འཕེལ་རྒྱས་ཀྱི་རྣམ་པ་མངོན་པ་མ་ཟད། རྒྱལ་ཡོངས་ཀྱི་གཅིག་གྱུར་ཁྲོམ་ར་ཆེན་པོ་འཛུགས་རྒྱུར་ཞབས་འདེགས་ཞུ་བའི་ཁྲོད་སྦྲག་སྲིད་མྱུར་སྐྱེལ་ལས་རིགས་ཀྱིས་བཏོན་པའི་ནུས་པ་གལ་ཆེན་ཡང་མཚོན་ཡོད།
ཤིན་ཅང་ཁ་ཧྲིར་ཟོག་འགྲེམས་མ་ལག་གསར་པ་ཟམ་མི་ཆད་པར་འཐུས་སྒོ་ཚང་དུ་ཕྱིན་ནས་འཁྱགས་སྒམ་དང་གོས་འཁྲུད་འཕྲུལ་ཆས་སོགས་ཚོང་ཟོག་མང་པོ་ཤང་དང་གྲོང་རྡལ་ཁག་ལ་སྐྱེལ་ཐུབ་ཀྱི་ཡོད་པ་དང་། ཀུའེ་ཀྲོའུ་ལིའུ་ཕན་ཧྲུའེ་ཡི“འབྱུང་རྩ་ནས་ཐད་གཏོང་དང་ཟོག་འགྲེམས་མཉམ་འགུལ་ཟུང་འབྲེལ”གྱི་ལམ་སྲོལ་གྱིས་ཁམ་བུ་སྨི་ཧོའུ་རྒྱལ་ཡོངས་སུ་མགྱོགས་པོ་སྐྱེལ་ཐུབ་པའི་འགན་ལེན་བྱས་ཡོད། ད་ལོ་ཚུན་སྦྲག་སྲིད་མྱུར་སྐྱེལ་ལས་རིགས་ཀྱིས་གྲོང་གསེབ་ཀྱི་བསྐུར་སྐྱེལ་ཟོག་འགྲེམས་མ་ལག་འཛུགས་སྐྱོང་ལ་རྒྱུན་མཐུད་ཤུགས་སྣོན་བརྒྱབ་སྟེ་རྫོང་དང་། ཤང་། གྲོང་ཚོ་བཅས་རིམ་གསུམ་ཟོག་འགྲེམས་མ་ལག་བཙུགས་ནས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་འཛད་སྤྱོད་བྱེད་སྟངས་དང་ཞབས་ཞུ་ཉམས་ལེན་གྱི་ཧེ་བག་རིམ་བཞིན་མེད་པར་བཟོས་ཡོད།
འབྲེལ་ཡོད་གསར་འགྱུར།