“ལོ་ལྔ་ཚན་བཅུ་བཞི་པའི”རིང་གྲོང་ཁྱེར་དང་གྲོང་རྡལ་གྱི་ཁུལ་ཆུང་རྙིང་པ་ཁྱོན་ཁྲི་24ལྷག་ཙམ་སྒྱུར་བཀོད་བྱས་པ།
གསར་འགོད་པར་སྡོད་ཁང་འཛུགས་སྐྲུན་པུའུ་ནས་ཤེས་རྟོགས་བྱུང་བར།“ལོ་ལྔ་ཚན་བཅུ་བཞི་པའི”རིང་། རྒྱལ་ཡོངས་སུ་རིམ་རྩིས་བརྒྱབ་ན་གྲོང་ཁྱེར་དང་གྲོང་རྡལ་གྱི་ཁུལ་ཆུང་རྙིང་པ་ཁྲི་24ལྷག་ཙམ་སྒྱུར་བཀོད་བྱས་པ་དེས་དུད་ཚང་ཁྲི་4000ལྷག་ཙམ་དང་མི་དུང་ཕྱུར་1.1ལ་ཕན་པ་ཐོབ་པ་དང་། གློག་སྐས་ཁྲི་12.9སྒྲིག་སྦྱོར་བྱས་པ་མ་ཟད། རླངས་འཁོར་འཇོག་ས་ཁྲི་340ལྷག་ཙམ་དང་རྒན་གསོ་བུ་བཅོལ་སོགས་སྡེ་ཁུལ་གྱི་ཞབས་ཞུའི་སྒྲིག་བཀོད་ཁྲི་6.4མང་དུ་བཏང་བ། ཆུ་མཁོ་འདོན་དང་། སོལ་རླངས། དྲོད་མཁོ་འདོན་སོགས་སྦུག་དྲ་སྤྱི་ལེ་ཁྲི་84གསར་བརྗེས་སྒྱུར་བཀོད་བྱས་པ། སྤྱི་གླིང་ཆུང་ངུ་ཁྲི་1.8ལྷག་ཙམ་དང་གྲོང་ཁྱེར་གྱི་ལྗང་མདོག་ལམ་སྤྱི་ལེ་ཁྲི་2.5བསྐྲུན་ཡོད།
དེ་དང་ཆབས་ཅིག རྒན་འཕྲོད་དང་འགྲོ་བདེའི་ཁུལ་ཆུང་ཁྲི་5.6སྒྱུར་བཀོད་བྱས་པ་དང་། རིག་གནས་སྤྲོ་གསེང་དང་ལུས་རྩལ་ལུས་སྦྱོང་བྱེད་ས་སྨི་ངོས་གྲུ་ཁྲི་2800ལྷག་ཙམ་མང་དུ་བཏང་ཡོད།
འབྲེལ་ཡོད་གསར་འགྱུར།